དབུ་ཤོག>ཞིང་འབྲོག་གསར་པ།
  • བྲག་ཡིབ་ཆུས་ཀྱིས་གྲོང་གསེབ་བཅོས་སྐྱོང་དྲ་མིག་ཅན་གྱི་ཞབས་ཞུ་ཁྱིམ་ཚང་ཚང་མར་ཁྱབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-08

    ཆའོ་ཚེ་རིང་བྲེལ་འཚུབ་ཆེན་པོས་ཞིང་དུད་དུ་བསྐྱོད་པ་དང་། ཅི་འཕྲོས་མོལ་འཕྲོས་བྱེད་པ། འགལ་ཟླ་སེལ་བ། དཀའ་གནད་སེལ་བ་སོགས་ཀྱི་ལས་ལ་གཞོལ་བཞིན་མཆིས། དྲ་མིག་ཅན་གྱི་ཞབས་ཞུ་པར་གྱུར་རྗེས་ཁོང་གིས་རྟག་ཏུ་ཞིང་ཁྱིམ་དུ་བསྐྱོད་དེ་རང་གི་ལུས་ཐོག་ནས་ཁ་མི་བྲལ་བའི་ཟིན་བྲིས་དེབ་ཐོག་དུད་ཚང་དུ་སྐབས་བསྟུན་བཅར་འདྲིར་བསྐྱོད་པའི་གནས་ཚུལ་མང་དག་ཅིག་བཀོད་ཡོད། ཆུང་སའི་སྲིད་ཇུས་སྒྲོལ་འགྲེལ་དང་། དམངས་དོན་བསྡུ་རུབ། གྲོང་མིའི་དཔྱད་གླེང་བཅས་ནས་ཆེ་སའི་རྩོད་གཞི་འདུམ་འགྲིག་དང་ཁོར་ཡུག་བཅོས་སྐྱོང་བར་ཟིན་བྲིས་དེབ་ཆུང་དེའི་ནང་དྲ་མིག་ཅན་གྱི་གྲོང་གསེབ་བཅོས་སྐྱོང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཆ་ཚང་བཀོད་ཡོད།

    ཆའོ་ཚེ་རིང་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོ་ནས་ཡིན་ཞིང་། ཤང་དང་གྲོང་རྡལ་གཞན་དང་འདྲ་བར་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། ཁྱིམ་མཚེས་དབར་གྱི་འགལ་ཟླ། གྲོང་ཚོའི་རྣམ་པ་བཅོས་སྒྲིག་སོགས་ཀྱི་གནད་དོན་ནི་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ལས་དོན་གཙོ་བོ་དེ་རེད།

    བྲག་ཡིབ་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྨན་རི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའུ་ཅུན་ཕིང་གིས“སྔོན་ཆད་གྲོང་ཚོའི་ལས་བྱེད་པ་ཉུང་ཉུང་རེད་ལ་ལྗིད་རྫོབ་ཆེ་བའི་ལས་དོན་མང་དག་ཅིག་སྒྲུབ་དགོས་མོད། འོན་ཀྱང་གྲོང་མི་ཚོ་སྤྱི་པའི་ལས་དོན་ནང་ཞུགས་པའི་ཧུར་སེམས་སྐོང་འཐེན་གང་ལེགས་ཐུབ་མེད། གྲོང་མིའི་གནས་ཚུལ་ནི་གཏིང་དཔོག་དཀའ་བ་ཞིག་ཡིན་སྟབས་རྟག་ཏུ་གནད་དོན་ཐག་གཅོད་མི་ཐུབ་པར་འགལ་ཟླ་ཇེ་ཆེར་འགྲོ་ཡི་ཡོད”ཅེས་ངོ་སྤྲོད་བྱས།

    སད་སྒོ་རྭ་གྲོང་ཚོར་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ཁྱབ་གདལ་བཏང་ཚུན་དང་ལོ་ཁ་ཤས་རིང་གི་འཕེལ་རྒྱས་སོང་རིང་། ད་ཆ་གྲོང་ཚོའི་ལས་དོན་ཐད་ཞབས་ཞུ་དོ་དམ་གནད་སྨིན་ཅན་དང་ཞིབ་ཚགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་མཆིས། སད་སྒོ་རྭ་གྲོང་ཚོ་དྲ་མིག་ཁ་ཤས་ལ་དབྱེ་ནས་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་། འཆར་ལྡན་བུ་བཙའ། མི་སྣ་འགུལ་སྐྱོད། སྲང་ལམ་གཙང་སྦྲ། བརྒྱུད་རིམ་ཧྲིལ་པོ་དམངས་དོན་ཚབ་སྒྲུབ་སོགས་ཀྱི་ལས་དོན་27དེའི་ནང་བཅུག་སྟེ་དྲ་མིག་ཞབས་ཞུའི་ལས་དོན་པ་སྡེ་ཁུལ་དོ་དམ་ནང་ཞུགས་པས་གྲོང་ལྷན་གྱི་ལས་དོན་ཚང་མ་ཁོང་དུ་ཡག་པོ་ཆུད་ཀྱི་ཡོད། ཆའོ་ཚེ་རིང་གིས“དྲ་མིག་ཞབས་ཞུའི་ལས་དོན་པ་ནི་མང་ཚོགས་ཀྱིས་འོས་འདེམས་བྱས་པ་ཞིག་རེད། ཁོང་ཚོ་ནི་མང་ཚོགས་དང་ཐག་ཉེ་ཤོས་རེད་ལ་མང་ཚོགས་ཀྱི་རྒྱུན་གཏན་གནས་ཚུལ་ཁོང་དུ་ཆུས་ཤོས་ཀྱང་རེད། འདི་ལོ་ཁྱིམ་ཚང་སུ་ཞིག་གི་འབྲུ་རིགས་ཐོན་འབབ་ཡག་པོ་མེད་པ་དང་ཁྱིམ་ཚང་སུ་ཞིག་ལ་དགའ་སྟོན་རྟེན་འབྲེལ་ཡོད་པ་སོགས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་མ་ཟད། གནས་ཚུལ་གོང་ཞུ་བྱས་ནས་ཐག་གཅོད་ཀྱང་ཐུབ་ཀྱི་ཡོད”ཅེས་བཤད།

    འདི་ནི་བྲག་ཡིབ་ཆུས་ཀྱིས་དྲ་མིག་ཅན་གྱི་དོ་དམ་ཞིབ་ཚགས་ཁྱབ་གདལ་བཏང་བའི་མཚོན་ཚུལ་ཞིག་ཡིན་ཞིང་། གོ་གནས་མེད་པའི་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་ཅན་ལ་འགན་འཁྲི་ཡོད་པ་བྱ་ཆེད། བྲག་ཡིབ་ཆུས་ཀྱིས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་གྱི་ལས་ཀའི་ལམ་སྲོལ་ཁྱབ་གདལ་བཏང་སྟེ་ཤང་དང་། གྲོང་རྡལ། གྲོང་ཚོ། སྡེ་ཁུལ་བཅས་ཚན་པར་བྱས་ནས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལ་ཁུག་ཆ་མི་ལུས་པ་དང་ཡོངས་ཁྱབ་ཐུབ་པར་བྱས་ཡོད།

    དྲ་མིག་ཅན་གྱི་དོ་དམ་གྱིས་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་བརྒྱུད་ཁྱིམ་ཚང་ཚང་མར་ཞབས་ཞུ་ཁྱབ་པ་དང་མང་ཚོགས་ཀྱི་རེ་བ་དང་ལེན་དང་དམངས་ཆེད་ཞབས་འདེགས་ཞུ་བའི་ནུས་པ་ཇེ་ཆེར་སོང་ཡོད་ལ། ཚང་མས་རང་འགུལ་ངང་གྲོང་གསེབ་ཀྱི་སྤྱི་པའི་ལས་དོན་ཁྲོད་ཞུགས་རྒྱུར་སྐུལ་མ་ཐེབས་ནས་མཐར་གནད་དོན་དུས་ཐོག་དང་ནུས་ལྡན་ངང་ཐག་གཅོད་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།