ཇོ་རིའི་མཐོང་སྨོན་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་ནི་གཞིས་རྩེ་གྲོང་ཁྱེར་ཞིང་ལས་མ་འཇོག་ཀུང་སིས་གཉེར་སྐྱོང་དོ་དམ་བྱེད་པའི་བཟའ་བཅའི་ཤ་མོ་ཐོན་སྐྱེད་དང་། འདེབས་འཛུགས། སྣོད་བཅུད་ལྟ་སྐོར། ཚན་རྩལ་གསོ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་རྣམ་གྲངས་ཤིག་ཡིན་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྒྲོལ་དང་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པའི་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་གི་རྣམ་གྲངས་ཤིག་ཀྱང་རེད། དེའི་ས་བཟུང་རྒྱ་ཁྱོན་མུའུ་200ཙམ་ཟིན་ཞིང་། མིག་སྔར་གླིང་དེས་ཉིན་རེར་བཟའ་བཅའི་ཤ་མོའི་རྩྭ་ཁུག་ཁྲི་1ཐོན་སྐྱེད་བྱས་ཏེ་ཤ་མོ་སྤྱི་རྒྱ་200ནས་300བར་ཟིན་གྱི་ཡོད་པ་དང་། ཤ་མོ་སྣ་ཁ་19ཙམ་འདེབས་ཀྱི་ཡོད། ཀོ་ཤ་འདེབས་འཛུགས་ལག་རྩལ་ལེགས་སྒྲུབ་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་དཔལ་འབྱོར་གྱི་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ནས་དུད་ཚང་དབུལ་པོ་དེ་བས་མང་བར་ཕན་པ་ཐོབ་རྒྱུ་རེད།
འདི་ནི་གླིང་དེའི་ལས་དོན་པས་བཟའ་བཅའི་ཤ་མོའི་སྐྱེ་འཚར་ལ་ལྟ་བཞིན་པ།