སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན། སྔར་ནས་ད་བར། ཁ་རུབ་ཆུས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དམ་པོར་དམིགས་པ་དང་། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་ཟུང་འབྲེལ་གྱིས་ནགས་ཞིང་ལས་དོན་ཧུར་ཐག་བསྒྲུབས་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་པའི་ཐོན་ལས་དབུལ་སྒྲོལ་གྱི་ལམ་བུར་བསྐྱོད་པ་རེད།
འདི་ལོ་ལོ་50ལ་སླེབས་པའི་བུ་ཤིས་ནི་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་སེང་གེ་གྲོང་ནས་ཡིན་པ་དང་། ནགས་ལས་ཐོན་ལས་ཁམ་མངར་འདེབས་འཛུགས་རྟེན་གཞིའི་ལས་མི་ཡིན་པས་ཡོང་འབབ་བརྟན་པོ་ཡོད། ཡིན་ནའང་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་མགྱོགས་མྱུར་བསྐྱོད་རྒྱུའི་རེ་བ་དེ་བས་ཆེན་པོ་བྱེད་ཀྱི་ཡོད།
2020ལོར། མ་དངུལ་བསྡོམས་འབོར་སྒོར་5940བཏང་བའི་ཁ་རུབ་ཆུས་ནགས་ལས་ཐོན་ལས་ཁམ་མཁར་འདེབས་འཛུགས་རྟེན་གཞི་སྤྱོད་འགོ་ཚུགས་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་མུའུ་3255ཟིན་ཡོད། འཛུགས་སྐྲུན་བརྒྱུད་རིམ་ནང་། སྔ་རྗེས་སུ་ས་གནས་དེ་གའི་མང་ཚོགས་མི་ཐེངས་2600ངལ་རྩོལ་ལ་བསྡུས་པར་ངལ་རྩོལ་ཡོང་འབབ་སྒོར་ཁྲི་99བྱུང་བ་རེད།
ཉེ་ལམ་ལོ་ཤས་རིང་། ཁ་རུབ་ཆུས་ཀྱིས་ཚད་གཞི་ཅན་གྱི་གསོ་ཚགས་རྟེན་གཞི་ཆེ་གྲས་ལ་བརྟེན་ནས། སྔོ་གཟན་སྙོལ་བྱེད་ཨ་ཤོམ་འདེབས་པ་སོགས་ཀྱི་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་ཏེ། མང་ཚོགས་ཐོན་ལས་འཁོར་འབྲེལ་གྱི་ལས་ཀར་ཧུར་ཐག་ཞུགས་སུ་བཅུག་ཡོད། 2020ལོར། འགུ་རོ་གྲོང་རྡལ་དང་། ས་སྒང་ཤང་། རི་དུང་ཤང་སོགས་སུ་སྔོ་གཟན་སྙོལ་བྱེད་ཨ་ཤོམ་མུའུ་5000བཏབ་ནས་ས་ཞིང་ནང་བཤུག་ལ་ཡོང་འབབ་སྒོར་ཁྲི་450བྱུང་ཡོད། འདི་ལོའི་ཟླ་7པའི་ཟླ་མཇུག་བར། ཤང་དང་གྲོང་རྡལ་གྱི་མང་ཚོགས་500ལས་ཞུགས་ཐུབ་པར་ལས་ཞུགས་ཡོང་འབབ་སྒོར་ཁྲི་12ཟིན་པ་དང་། མི་རེར་ཆ་སྙོམས་ཡོང་འབབ་སྒོར་2400བྱུང་བ་རེད།
ཁམ་དམར་དང་ཨ་ཤོམ་ཕུད། ད་དུང་ཁ་རུབ་ཆུས་ལ་ལྗང་མདོག་ཐོན་ལས་དེ་བས་མང་པོ་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ཡོད་ཅིང་། 2020ལོར། ཁ་རུབ་ཆུས་ཀྱིས་ཐོན་ལས་གཙོ་གནད་དཔལ་འབྱོར་ནགས་ཤིང་རྣམ་གྲངས་ལ་མ་དངུལ་བསྡོམས་སྒོར་ཁྲི་900བཏང་བར། འཛུགས་སྐྲུན་རྒྱ་ཁྱོན་མུའུ་280ཟིན་པ་དང་། དཔལ་འབྱོར་ནགས་ཤིང་སྡོང་སོན་རྐང་14394བཏབ་པ་ལས། ཁམ་སྡོང་དང་། ལི་སྡོང་། ཀུ་ཤུའི་སྡོང་པོ་སོགས་རིགས་མང་པོ་ཡོད་ལ་སྐྱེ་འཚར་བཟང་པོ་ཡོད་པ་རེད། རྣམ་གྲངས་དེས་གནས་དེ་གའི་མང་ཚོགས་12ལས་ཞུགས་ཐུབ་ནས། ངལ་རྩོལ་ཡོང་འབབ་སྒོར་ཁྲི་10.23བྱུང་བ་རེད།
གཙོ་ཆེ་ཤོས་ནི་མ་དངུལ་བསྡོམས་སྒོར་ཁྲི་3333བཏང་བའི་ཁ་རུབ་ཆུས་ནགས་ལས་ཐོན་ལས་ནགས་ཤིང་ཤིང་སོན་རྟེན་གཞི་ཡིན་ཞིང་། འཛུགས་སྐྲུན་རྒྱ་ཁྱོན་མུའུ་651.03ཡོད། རྟེན་གཞིའི་ནང་ཡུན་ཧྲན་གསོམ་ཤིང་དང་ཅིན་ཡེ་ཡུས་ཤིང་སོགས་ཤིང་སོན་སྣ་ཚོགས་རྐང་ཁྲི་53བཏབ་ཡོད་པ་རེད། མིག་སྔའི་བར། རྟེན་གཞི་དེས་ཉེ་འཁོར་གྱི་དུད་ཚང་དབུལ་པོར་ངལ་རྩོལ་གླ་ཆ་དང་། ས་ཞིང་བརྒྱུད་བཤུག ས་ཆ་གཞན་དུ་ཁེ་སྤོགས་བགོ་བཤའ་ཐོབ་པ་སོགས་ཀྱི་ཡོང་འབབ་ཁྱོན་སྒོར་ཁྲི་215བྱུང་བ་རེད།