དབུ་ཤོག>ཞིང་འབྲོག་གསར་པ།
  • འབྲི་གཡག་བཙོངས་ནས་ཡོང་འབབ་གསོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-28

    གླ་རོང་གྲོང་ཚོ་ནི་ཀོང་པོ་རྒྱ་མདའ་རྫོང་སྤྱི་མདའ་གྲོང་རྡལ་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ས་བབ་མཐོ་ཚད་སྨི་4000ཟིན་པ། རྩྭ་རའི་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་འབྲོག་ལས་རྐྱང་པའི་གྲོང་སྡེ་ཞིག་རེད། གླ་རོང་གྲོང་ཚོར་འབྲི་གཡག་གསོ་སྤེལ་གྱི་ཁོར་ཡུག་ཧ་ཅང་བཟང་པོ་ཡོད་ནའང་། འབྲོག་པའི་བསམ་བློ་བལྟོས་བཅས་ཀྱིས་རྙིང་ཞེན་ཡིན་པའི་རྐྱེན་གྱིས་མིག་མདུན་གྱི་ཐོན་ཁུངས་བཟང་པོ་བེད་སྤྱོད་ཐུབ་མེད། ད་ཆ་གླ་རོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་སྣེ་ཁྲིད་ལ་བརྟེན་ནས་འབྲོག་པའི་བསམ་བློར་འགྱུར་ལྡོག་བྱུང་བ་སྟེ། འབྲི་གཡག་བཙོངས་ནས་ཡོང་འབབ་གསོག་གི་ཡོད་པས། མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད།

    གླ་རོང་གྲོང་ཚོའི་ཏང་ཀྲི་པུའུ་དེ་ཏང་རྩ་འཛུགས“འབྲིང་ཙམ”ལ་བདམས་པའི་རྗེས་སུ། གླ་རོང་གྲོང་ཚོའི་ཏང་ཀྲི་པུའི་ཨུ་ལྷན་གྱིས་གནད་དོན་ལ་བསམ་ཞིབ་གང་ལེགས་བྱས་ནས་ཀྲི་པུའུ་ཨུ་ལྷན་གྱི་ཚོགས་འདུ་དང་། ཀྲི་པུའུ་ཏང་ཡོན་གྱི་ཚོགས་ཆེན་འཚོགས་ཏེ“ཨུ་ལྷན་གཉིས”ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཀྲི་པུའི་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་མེད་པ་དང་། གྲོང་ཚོའི་ནང་མང་ཚོགས་ཀྱིས“སེམས་ཅན་གསོད་པ་དང་འཚོང་བར་འཛེམ་ཟོན་བྱེད་པའི”འདུ་ཤེས་ཅུང་ཟབ་པ་སོགས་ཀྱི་གནད་དོན་ལ་བསམ་ཞིབ་བྱས་པ་མ་ཟད། ལས་ཀ་དག་ཐེར་དང་མཐོར་གཏོང་གི་ཇུས་གཞིའང་བཟོས་ལ། ཏང་ཡོན་གྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཏང་ཀྲི་པུའི་སྣེ་ཁྲིད་ཀྱི་ནུས་པ་བཏོན་པར་བརྟེན་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་རིམ་པས་འགྱུར་ལྡོག་བྱུང་བ་རེད།

    ཏང་ཀྲི་པུའི་སྣེ་ཁྲིད་དང་སྐུལ་ལྕག་ལ་བརྟེན་ནས་གྲོང་ཚོ་དེ་ཡོངས་ཀྱི་ཏང་ཡོན་19ཡིས་དུད་ཚང་དུ་བསྐྱོད་དེ“འགན་ལེན་གསུམ”གྱི་ལས་དོན་སྤེལ་ནས་ཏང་ཡོན་གྱི་སློབ་གསོ་སྣེ་ཁྲིད་ཀྱི་ནུས་པ་དང་། སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་གང་ལེགས་བཏོན་ཞིང་། དུད་ཚང་དང་མི་འགན་ལེན་བྱས་ནས་གཅིག་ལ་གཅིག་གཏད་དང་། གཅིག་གིས་མང་པོར་སྙིང་གཏམ་ཤོད་རེས་དང་གཏམ་གླེང་བྱེད་པའི་ཐབས་ཤེས་བརྒྱུད་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ་ཤུགས་ཆེན་བརྟེན་པ་དང་། “སེམས་ཅན་གསོད་པ་དང་འཚོང་བར་འཛེམ་ཟོན་བྱེད་པ”སོགས་“སྒུག་རྟེན་སློང་གསུམ”གྱི་བསམ་བློའི་འདུ་ཤེས་ལ་རིམ་པས་འགྱུར་ལྡོག་གཏོང་བར་སྣེ་ཁྲིད་བྱས་པ་དང་། མང་ཚོགས་ཀྱིས་འབྲི་གཡག་འཚོང་བར་སྐུལ་ལྕག་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་ཧུར་ཐག་ཞུགས་སུ་བཅུག་ནས་འབབ་འཕར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟབས་མང་ཚོགས་ཕྱུག་པོ་ཆགས་པར་སྣེ་ཁྲིད་ཐུབ་ཡོད།

    གླ་རོང་གྲོང་ཚོའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བའི་རྗེས་སུ་འབྲི་གཡག་ཉོ་མཁན་ལ་རང་འགུལ་ངང་འབྲེལ་བ་བྱེད་འགོ་ཚུགས་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཨུ་ལྷན་གྱིས་འབྲེལ་ལམ་འཛུགས་མཁན་བྱས་ནས་ཉོ་མཁན་ལ་འབྲེལ་བ་བྱས་ཏེ་འབྲི་གཡག་གཅིག་སྡུད་ངང་བཙོངས་ཤིང་། ཟླ་10ཚེས་9ཉིན་གླ་རོང་གྲོང་ཚོས་གཅིག་སྡུད་ངང་འབྲི་གཡག་མགོ་གྲངས་140བཙོངས་པར་ཡོང་འབབ་སྒོར་ཁྲི་49བྱུང་བ་དག་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.88ཟིན་ཡོད།

    རང་ཁྱིམ་གྱི་འབྲི་གཡག་རེ་རེ་བཞིན་རླངས་འཁོར་ནང་བླུགས་པ་དང་སྦྲགས་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་བའི་སྐབས་ཡུལ་མི་དར་རྒྱས་ཀྱི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་ཞིང་། ཁོང་གིས“ཁོ་བོས་མི་ཚེ་ཕྱེད་ཀ་ཙམ་འབྲོག་པ་བྱས་ནས་འབྲི་གཡག་གསོས་པ་ཡིན། སྔོན་མ་བསམ་བློ་རྙིང་ཞེན་ཡིན་པ་དང་ད་ཆ་འབྲི་གཡག་བཙོངས་ནས་ཡོང་འབབ་གསོག་རྒྱུ་བྱུང་བས། འཚོ་བ་སྔར་བས་སྐྱིད་དུ་ཕྱིན་སོང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།