དབུ་ཤོག>ཞིང་འབྲོག་གསར་པ།
  • མི་འདི་དག་ལ་རིན་མི་དགོས་པར་ཆམ་རིམས་རིམས་འགོག་སྨན་ཁབ་རྒྱག་གི་འདུག

  • ཡོང་ཁུངས།  ལྷ་ས་ཁྲེང་ཀོན་ནད་འགོག   |     སྤེལ་དུས།  2020-10-23

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལོ60ཡན་གྱི་རྒན་འཁོགས་ལ་རིན་མི་དགོས་པར་ཆམ་རིམས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་འགོ་ཚུགས་འདུག

    ཆམ་རིམས་ནི་ཆམ་རིམས་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་འགོ་ནད་ཅིག་རེད། གློ་བུར་དུ་ཐོན་པ་དང་། འགོ་ཤུགས་ཧ་ཅང་ཆེ་བས་ས་གནས་རང་བཞིན་དང་། ཐ་ན་འཛམ་གླིང་ཡོངས་ལ་འགོ་ཁྱབ་ཆེ་བའི་འགོ་ནད་ཅིག་རེད། ལོ་ལྟར་དུས་ཚིགས་རང་བཞིན་གྱི་ཆམ་རིམས་འཛམ་གླིང་ཧྲིལ་པོར་མཆེད་པ་དང་། འཛམ་གླིང་ཧྲིལ་པོར་ལོ་རེར་ནད་དཔེ་ཚབས་ཆེན་མི་ཁྲི་གསུམ་བརྒྱ་ནས་ལྔ་བརྒྱ་བར་ཡོང་གི་ཡོད་པ་དང་། མི་ཁྲི་ཉེར་དགུ་ནས་དྲུག་ཅུ་རེ་ལྔ་ཙམ་ཤི་ཡི་ཡོད། སྦྲུམ་མ་དང་། ཕྲུ་གུ་དམར་འབྱར། རྒན་འཁོགས། གཅོང་ནད་ཕོག་པའི་ནད་པ་སོགས་ནི། ཆམ་རིམས་ཕོག་ཉེན་ཆེ་བའི་མི་ཚོགས་ལ་ཆམ་རིམས་ཕོག་རྗེས་ནད་གཞི་ལྕི་རུ་འགྲོ་བ་དང་འཆི་བའི་ཉེན་ཁ་ཆེ། ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་ནི་ཆམ་རིམས་ནད་དུག་འགོ་བ་དང་དེའི་ནད་རྟགས་ཚབས་ཆེ་རུ་མི་འགྲོ་སྔོན་འགོག་བྱེད་པའི་བྱེད་ཐབས་བཟང་ཤོས་ཤིག་རེད།

    2020ལོའི་ཁྲེང་ཀོན་ཆུས་ཀྱི་ལོ་དྲུག་ཅུ་ཡན་གྱི་རྒན་འཁོགས་ལ་རིན་མི་དགོས་པར་ཆམ་རིམས་སྔོན་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཟླ་10ཚེས20ཉིན་ནས་འགོ་ཚུགས་འདུག   

    རིམས་འགོག་སྨན་ཁབ་རྒྱག་ཡུལ།

    2020ལོའི་ཁྲེང་ཀོན་ཆུས་ཀྱིས་རིན་མི་དགོས་པར་ཆམ་རིམས་སྔོན་འགོག་སྨན་ཁབ་རྒྱག་ཡུལ་ནི། ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་ཐེམ་ཐོ་ཡོད་པའི་གྲོང་མི་དང་ཞིང་འབྲོག་མང་ཚོགས། ཁྲེང་ཀོན་ཆུས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་འཁྱུར་བྱས་པའི་ལས་བྱེད་ལས་བཟོ། ལོ་དྲུག་ཅུ་ཡན་གྱི་རྒན་འཁོགས(1960ལོའི་ཟླ12ཚེས31ཉིན་གོང་སྐྱེས་པ)ཐེམ་ཐོའི་དཔང་ཡིག་ཐེམ་ཐོ་གནས་སའི་སྡེ་ཁུལ་ཨུ་ཡོན་ལྷན་ཁང་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་ནས་ལེན་དགོས།

    རིམས་འགོག་སྨན་ཁབ་རྒྱག་པའི་དུས་ཚོད།

    ཆམ་རིམས་རིམས་འགོག་སྨན་ཁབ་རྒྱག་པའི་དུས་ཚོད་ནི། 2020ལོའི་ཟླ10ཚེས20ནས་ཟླ11ཚེས30ཉིན་བར།

    རིམས་འགོག་སྨན་ཁབ་རྒྱག་ས།

     ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྡེ་ཁུལ་ཁག་གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས(ས་ཚིགས)ཁག་དང་ཤང་ཁག་གི་འཕྲོད་བསྟེན་ཁང་།

    111.jpg

    222.jpg

    གསལ་བཤད་གཞན་དག

    《ཀྲུང་གོའི་ཆམ་རིམས་རིམས་འགོག་སྨན་ཁབ་རྒྱག་པའི་ལག་རྩལ་ལམ་སྟོན(2020-2021)》ལས། རྒན་འཁོགས་ཕུད། གཤམ་གསལ་གྱི་མི་ཚོགས་འདི་དག་ལ་ཆམ་རིམས་རིམས་འགོག་སྨན་ཁབ་དམིགས་གསལ་གྱིས་སྔོན་ལ་རྒྱག་དགོས་པའི་འོས་སྦྱོར་བྱས་འདུག མི་ཚོགས་འདི་དག་གིས་ཆམ་རིམས་རིམས་འགོག་སྨན་ཁབ་ཀྱི་འགྲོ་གྲོན་སོ་སོས་གཏོང་དགོས།

    སྨན་དོན་མི་སྣ། (ནད་ཐོག་སྐྱོབ་བཅོས་མི་སྣ། སྤྱི་པའི་འཕྲོད་བསྟེན་མི་སྣ། འཕྲོད་བསྟེན་དང་རིམས་ནད་ཞིབ་བཤེར་མི་སྣ་སོགས་ཚུད)

    རྒན་གསོ་ཁང་དང་། ཡུན་རིང་ནད་སྐྱོང་སྒྲིག་གཞི། ཕན་བདེ་ཁང་སོགས་མི་མང་པོ་འདུ་འཛོམས་བྱེད་སའི་ཉམས་ཞན་མི་ཚོགས་དང་དེའི་ལས་མི།

    གཙོ་གནད་མི་ཚོགས། དཔེར་ན། ཟླ་བ་6ནས་ལོ་5བར་གྱི་བྱིས་པ་དང་། ལོ་60དང་དེ་ཡན་གྱི་རྒན་འཁོགས། གཅོང་ནད་ཕོག་པའི་ནད་པ། སྨན་དོན་མི་སྣ། ཟླ་བ་6མན་གྱི་བྱིས་པའི་ནང་མི་དང་ལྟ་སྐྱོང་བྱེད་མཁན། དེ་བཞིན་སྦྲུམ་མའམ་ཡང་ན་ཆམ་རིམས་མཆེད་པའི་དུས་ཚིགས་ནང་ཕྲུ་གུ་འཁོར་རྩིས་ཡོད་པའི་བུད་མེད་སོགས།

    གཤམ་གསལ་གྱི་གནས་ཚུལ་འདི་དག་ཡོད་ཚེ་ཆམ་རིམས་རིམས་འགོག་སྨན་ཁབ་རྒྱག་མི་རུང་།

    ① སྒོ་ངའམ་སྒོ་ངས་བཟོས་པའི་ཟས་རིགས་མ་འཕྲོད་མཁན། ཆམ་རིམས་རིམས་འགོག་སྨན་ཁབ་ཀྱི་རྒྱུ་ཆ་ལ་མི་འཕྲོད་མཁན། ཡང་ན་དུས་རྒྱུན་ནས་སྨན་རྫས་མང་པོ་དང་ཟས་རིགས་མང་པོ་མི་འཕྲོད་མཁན།

    ② ཀ་ལིན་པ་ལི་ཟེར་བའི་ཕྱོགས་བསྡུས་ཀྱི་ནད་ཕོག་མྱོང་མཁན།

    ③ ཆམ་རིམས་རིམས་འགོག་སྨན་ཁབ་ཐོན་སྐྱེད་བཟོ་གྲྭའི་གསལ་བཤད་ཡི་གེའི་ནང་གསལ་པོར་བཀོད་ཡོད་པའི་སྨན་བཅོས་འཛེམ་བྱ།

    ④ གློ་བུར་དུ་ཚ་བ་རྒྱས་པ་དང་། གློ་བུར་གྱི་འགོ་ནད། གློ་བུར་དུ་གཅོང་ནད་ཕོག་པ་སོགས་ཡོད་ཚེ་ནད་གཞི་དྲག་རྗེས་ཆམ་རིམས་རིམས་འགོག་སྨན་ཁབ་རྒྱག་དགོས།

    ⑤ ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་དང་། གཟུགས་པོ་བདེ་པོ་མེད་པ། སྨན་གྱི་འཛེམ་ཆ་གསལ་པོ་མེད་མཁན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།