དབུ་ཤོག>ཞིང་འབྲོག་གསར་པ།
  • སྙེ་མོ་རྫོང་གཞི་སྨད་ཤང་གིས་ཡ་རབས་ཨར་པོའི་ཚད་གཞི་བརྟན་པོར་བསྲུངས་ནས་གྲོང་གསེབ་སྤྱི་ཚོཌ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-23

    འཛུགས་སྐྲུན་ལས་ཡུལ་གྱི་ཡ་རབས་ཨར་པོའི་ཚད་གཞི་གཞིར་བཟུང་། ལས་ཡུལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཙོ་བོར་འཛིན་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། བདེ་འཇགས་ཐོན་སྐྱེད། ལས་ཡུལ་དོ་དམ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་ལས་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་། བདེ་འཇགས་ཐོན་སྐྱེད། ལས་མི་གླ་སྤྱོད་སོགས་འབྲེལ་ཡོད་ལས་དོན་ལ་རྒྱུན་རྣམ་ཅན་གྱི་དོ་དམ་དང་ཕུགས་ཕན་ཅན་གྱི་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱས་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་སྤྱིའི་དམིགས་ཚད་མངོན་འགྱུར་ཡོང་བར་རགས་འདེགས་བྱས་ཡོད། ཉེ་ཆར། སྙེ་མོ་རྫོང་གཞི་སྨད་ཤང་ཕྱོགས་བསྡུས་གཞུང་ལས་ཁང་གིས་ཤང་བདེ་འཇགས་ཨུ་ལྷན་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ལས་ཡུལ་ཁག་ཏུ་བསྐྱོད་དེ་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད། ནག་སེལ་གཤེད་བཅོམ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱང་བྱས་པ་རེད།

    བྱེད་སྒོ་སྤེལ་བའི་ཉིན་དེར། ལས་དོན་མི་སྣས་ལས་ཡུལ་གྱི་བདེ་འཇགས་བྱེད་ཐབས་ཞིབ་ཕྲ་ཡིན་མིན་དང་། ངལ་རྩོལ་གན་རྒྱ་ལུགས་མཐུན་ཡིན་མིན། རིམས་འགོག་བྱ་ཐབས་དོན་འཁྱོལ་བྱུང་མིན། ལས་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་ཚད་གཞིར་སླེབས་མིན། ལས་ཡུལ་གྱིས་ལས་མི་ཁྲིམས་དང་མཐུན་པའི་ངང་སྤྱོད་མིན། ལས་ཡུལ་གྱི་དོ་དམ་ཚད་དང་ལྡན་མིན། ལས་ཡུལ་གྱིས་ལས་མིར་གླ་ཆ་ཆད་མིན་སོགས་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། ད་ཐེངས་ཀྱི་ཞིབ་བཤེར་བྱེད་རིང་ལྷག་པའི་གནད་དོན་དུས་ཐོག་ཏུ་དག་ཐེར་ཐུབ་པའི་འགན་ལེན་བྱས་ཏེ་ཞིབ་བཤེར་ལ་བརྟེན་ནས་དག་ཐེར་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།