དབུ་ཤོག>ཞིང་འབྲོག་གསར་པ།
  • སྒྲོལ་དཀར་ལྷ་མོའི་འབྱོར་འབྲིང་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-23

    “ང་ཚོའི་ནང་གི་འཚོ་བ་ཡག་པོ་ཡོད་པ་འདི་ཏང་དང་སྲིད་གཞུང་གི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད”ཁང་དམར་ཆུ་ཚན་གསོལ་མགྲོན་ཁང་དུ་ལས་ཀ་བྱེད་བཞིན་པའི་སྒྲོལ་དཀར་ལྷ་མོར་ཟླ་ཕོགས་སྒོར་3000་ལྷག་ཙམ་ཡོད་པ་མ་ཟད། ལས་ཀ་བྱེད་ས་དང་རང་ཁྱིམ་བར་ཐག་ཉེ་པོ་ཡོད་སྟབས་ནང་མིར་ཡང་ལྟ་རྟོག་བྱེད་ཐུབ་པས་ཁོ་མོ་ལས་ཀ་དེར་ཧ་ཅང་དགའ་པོ་ཡོད། 

    སྒྲོལ་དཀར་ལྷ་མོ་འདི་ལོ་ལོ་20སླེབས་པ་དང་། ཕ་མེས་ནས་བཟུང་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོར་སྡོད་ཀྱི་ཡོད། ཨ་མ་གཅིག་པུ་ལས་མེད་པའི་ཁར་ཨ་མའི་གཟུགས་པོའང་ཡག་པོ་མེད་པ་དང་ནང་ལ་བུ་ཕྲུག་ཀྱང་མང་པོ་ཡོད་རྐྱེན། ཁྱིམ་ཚང་གི་ཁུར་པོ་དེ་སྒྲོལ་དཀར་ལྷ་མོའི་ཕྲག་ཐོག་ཏུ་བབས།

    “ང་རྟག་པར་ནམ་མ་ལངས་གོང་ནས་ཡར་ལངས་ཏེ་ཕྱུགས་འཚོ་བར་ཕྱིན་ན་ཡང་ཁྱིམ་གྱི་འཚོ་བ་ཡག་ཏུ་གཏོང་ཐབས་བྲལ་བས་2015ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་བྱུང”ཞེས་སྒྲོལ་དཀར་ལྷ་མོས་བརྗོད་པ་དང་། སྐབས་དེ་དུས་ནང་མི་6ཡོད་པ་ཚང་མ་སྨི་ངོས་གྲུ་40ལྷག་ཙམ་ལས་མེད་པའི་ཁང་པ་རྙིང་པ་ཞིག་ཏུ་འཚང་ཁ་བརྒྱབ་ནས་སྡོད་དགོས་ཀྱི་ཡོད་པ་མ་ཟད། གཅེན་གཅུང་ཚང་མ་ཁང་མིག་གཅིག་ནང་དུ་ཉལ་གྱི་ཡོད། བརྙན་འཕྲིན་ལྟ་འདོད་ཚེ་ཁྱིམ་མཚེས་ཀྱི་ནང་དུ་འགྲོ་དགོས་ལ་སློབ་གྲྭར་སྐྱོད་སྐབས་གྲོང་མིའི་འདྲུད་འཐེན་འཁོར་ལོར་བསྡད་དེ་འགྲོ་དགོས་པས། སྒྲོལ་དཀར་ལྷ་མོས་སློབ་མཚམས་བཞག་ནས་ཕྱུགས་འཚོས་ཏེ་ཁྱིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བསམ་བློ་ཐེངས་ཁ་ཤས་བཏང་མྱོང་ཡོད་པ་རེད།

    “གྲོང་སྡོད་ལས་བྱེད་པས་ཡོན་ཏན་ལ་བརྟེན་ནས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ། ཁྱིམ་གྱི་དཔལ་འབྱོར་འཁོས་ཀ་ལེགས་སུ་གཏོང་བའི་ཐབས་ལམ་ཕྱུགས་འཚོ་རྒྱུ་གཅིག་པུ་མིན་པས། མིག་རྒྱང་རིང་དུ་གཏོང་དགོས་ཞེས་ང་ལ་སློབ་གསོ་བརྒྱབ་བྱུང”ཞེས་སྒྲོལ་དཀར་ལྷ་མོས་སེམས་འགུལ་ཐེབས་བཞིན་བཤད་པ་དང་། མཐོ་འབྲིང་ཐོན་རྗེས། ཁོ་མོས་སྲིད་གཞུང་གི་རོགས་སྐྱོར་འོག་ཁང་དམར་ཆུ་ཚན་གསོལ་མགྲོན་ཁང་དུ་ལས་ཀ་བྱས་པར་ཟླ་ཕོགས་མང་པོ་མེད་ཀྱང་ནང་མིར་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད་པས་ཁོ་མོ་བློ་ཡིད་ཧ་ཅང་ཚིམས་པོ་བྱུང་ཡོད།

    ཁོ་མོས་དེ་ལས་ཀྱང་དགའ་པོ་བྱེད་པ་ཞིག་ནི། ནང་མི་ཚང་མ་གྲོང་དཀར་གྲོང་ཚོའི་དབུལ་སྐྱོར་གནས་སྤོ་བྱ་ཡུལ་གྱི་སྨི་ངོས་གྲུ་150ཡོད་པའི་སྡོད་ཁང་གསར་པར་སྤོས་པ་དེ་རེད། རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་གང་དགོས་དགོས་ཚང་མ་ཉོས་ཡོད་པ་མ་ཟད། ད་དུང་འཕྲིན་གཏོང་དྲ་བ་དང་ཆུ་ཀ་ལ་ཡང་ཁྲིད་ཡོད་པ་དང་། སྣུམ་ནག་གཞུང་ལམ་ཡང་སྒོ་རྩར་བཏིངས་ཡོད་པས་ཕྱིར་སྐྱོད་དུས་སྟབས་བདེ་ཡོད་པ་རེད། སྲིད་གཞུང་གིས་ད་དུང་ཁོ་མོའི་ཨ་མར་སྣོད་བཅུད་ལས་གནས་ཤིག་ཀྱང་བཀོད་སྒྲིག་བྱས་ཡོད་པས་ཟླ་རེར་ཡོང་འབབ་བརྟན་པོ་བྱུང་ནས་ཁྱིམ་གྱི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།