དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཁྲང་རུང་ནགས་ཤོད་གྱོན་གོས་ཚད་ཡོད་ཀུང་སིས་ཐོན་ལས་དང་སློབ་གསོ་མཉམ་འདྲེས་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-21

    2019ལོའི་ཟླ་12པར་བོད་ལྗོངས་ཁྲང་རུང་ནགས་ཤོད་གྱོན་གོས་ཚད་ཡོད་ཀུང་སིས་ཀྲེ་ཅང་ཐོན་ལས་བོད་སྐྱོར་གྱི་འབོད་སྐུལ་དང་ལེན་བྱས་ནས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དུ་རོགས་སྐྱོར་བྱས་ཏེ་ཐོན་ལས་དང་སློབ་གསོ་མཉམ་འདྲེས་མཐའ་འཁྱོངས་ཀྱིས་དབུལ་སྐྱོར་ལས་དོན་ལ་རམ་འདེགས་ནུས་ལྡན་བྱས་པ་རེད།

    ཀུང་སི་དེས་སློབ་གྲྭ་དང་ཁེ་ལས་ཟུང་འབྲེལ་བྱ་རྒྱུ་ལག་བསྟར་དང་ཐོན་ལས་བཟོ་པར་གསོ་སྦྱོང་བྱས་ནས་འབྲི་རུ་རྫོང་ལས་རིགས་སློབ་གྲྭར་གྱོན་ཆས་ཇུས་འགོད་ཆེད་ལས་འཛིན་གྲྭ་བཙུགས་ཡོད། མིག་སྔའི་བར་མི་ཐེངས་300ལ་ཞིང་འབྲོག་པའི་གྱོན་ཆས་ཇུས་འགོད་རྩལ་ནུས་གསོ་སྦྱོང་བྱས་པ་དང་། ཀུང་སི་དེས་ད་དུང་དྲ་ཐོག་ཚོང་དོན་འཕེལ་རྒྱས་དང་བསྟུན་ནས་ལས་གནས་རྩལ་ནུས་གསོ་སྦྱོང་བྱས་པ་དང་སློབ་ཆེན་སློབ་ཐོན་སློབ་མ་17ལ་སྔ་རྗེས་སུ་དྲ་ཐོག་ཚོང་དོན་གྱི་ཕྱིར་ཚོང་བ་དང་། མཛེས་བཟོ་བ། དངོས་ཟོག་སྡེབ་སྐྱེལ་བ། རྗེས་མཐུད་ཞབས་ཞུ་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་རྗེས་མཐར་སློབ་མ་13བསྡུས་ཏེ་ཁོང་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཀུང་སི་དེས་སྤྱི་ཚོགས་ལ་འགན་འཁྲི་འཁུར་རྒྱུ་མི་བརྗེད་པར་འཚེམ་བཟོ་བ་75བསྡུས་པའི་ཁྲོད་དྭ་ཕྲུག་2དང་དུད་ཚང་དབུལ་པོའི་མི་9ཡོད་པ་རེད།

    གོམ་སྟབས་རྗེས་མར། ཀུང་སི་དེས་ཐོན་ནུས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་། ལས་རིགས་སློབ་གྲྭར་གྱོན་ཆས་ཇུས་འགོད་འཛིན་གྲྭ་མུ་མཐུད་འཛུགས་རྒྱུ། ནང་སའི་རྩལ་ནུས་དགེ་རྒན་གྱིས་གྱོན་ཆས་རྩལ་ནུས་གསོ་སྦྱོང་བྱས་པའི་རྨང་གཞིའི་ཐོག“དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་དང་དངོས་གཞིའི་ཚན་ཁག་གི་སློབ་ཐོན་ལག་ཁྱེར”གཉིས་ལྡན་གྱི་རིག་གནས་དགེ་རྒན་གདན་དྲངས་ནས་སློབ་ཚན་ཁྲིད་དུ་འཇུག་རྒྱུ་བཅས་ལ་བརྟེན་ཐོག འབྲི་རུ་རྫོང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།