དབུ་ཤོག>ཞིང་འབྲོག་གསར་པ།
  • འབྱོར་ཕྱུག་ལྡན་ཞིང་རེ་བས་ཁེངས། རི་གྲོང་ཁྲོད་ནས་ཐོན་རེ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-30

    “ངའི་མིང་ལ་སངས་རྒྱས་གཡུ་སྒྲོན་ཟེར། ང་རི་མོ་འབྲི་རྒྱུར་དགའ་ལ་ད་དུང་ཧུའུ་ནན་སྲུང་སྐར་བརྙན་འཕྲིན་གྱི་ཕྱོགས་བསྡུས་ལེ་ཚན་ལའང་ལྟ་རྒྱུར་དགའ་པོ་ཡོད། ངས་ཧུའུ་ནན་གྱི་སློབ་ཆེན་ཞིག་ཏུ་རྒྱུགས་འཕྲོད་པའི་རེ་བ་བྱེད་ཀྱི་ཡོད”མེ་ཏོག་གྲོང་རྡལ་གྱི་སྤྱི་ལེ་ཁ་ཤས་ཀྱི་སར་ཡོད་པའི་ལྷ་གོང་ཇ་རར་སངས་རྒྱས་གཡུ་སྒྲོན་གྱིས་རང་གི་ནང་མི་དང་མཉམ་དུ་ཞོགས་པ་སྔངས་པོ་ནས་རང་ཁྱིམ་གྱི་ཇ་ཞིང་དུ་ཉིན་གཅིག་གི་ཇ་འཐུ་བཞིན་ཡོད་པ་རེད།

    “ད་ལོ་ནི་ང་ཚོའི་ཁྱིམ་ཚང་གིས་ཇ་འདེབས་འཛུགས་བྱས་པའི་ལོ་བརྒྱད་པ་ཡིན། ལོ་འདི་དག་རིང་ཁྱིམ་གྱི་འཚོ་བ་དེ་བས་ལེགས་སུ་ཕྱིན་ནས་ཐབ་ཚང་གསར་པ་བརྒྱབ་པ་མ་ཟད། ད་དུང་ལྗིད་འདེགས་རླངས་འཁོར་ཆེ་གྲས་ཤིག་ཀྱང་ཉོས་ཡོད”ཅེས་སངས་རྒྱས་གཡུ་སྒྲོན་གྱིས་བཤད།

    སངས་རྒྱས་གཡུ་སྒྲོན་གྱི་ཨ་མ་སངས་རྒྱས་དོན་གྲུབ་ནི་མེ་ཏོག་རྫོང་གི་ཇ་འདེབས་ཞིང་པ་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། 2012ལོ་ནས་བཟུང་མེ་ཏོག་རྫོང་གིས་ཇའི་ཐོན་ལས་ཁྱབ་གདལ་ཤུགས་ཆེན་བཏང་བ་ལས་སངས་རྒྱས་དོན་གྲུབ་ཆེད་ལས་ཀྱི་ཇ་འདེབས་ཞིང་པ་ཞིག་ལ་གྱུར། སྔོན་རྩིས་བྱས་ན། 2020ལོར་སངས་རྒྱས་དོན་གྲུབ་ཀྱི་ཁྱིམ་ཚང་ལ་ཇའི་ཐོན་ལས་ཁོ་ནར་ཡོང་འབབ་སྒོར་ཁྲི་3ཙམ་རག་གི་ཡོད།

    772511_yis_1600923762751_s.jpg

    འདི་ནི་ཇ་ལོ་འཐུ་བཞིན་པའི་སངས་རྒྱས་གཡུ་སྒྲོན་གྱི་ཁྱིམ་ཚང་ཡིན་པ། གཡོན་གྱི་གཉིས་པ་ནི་ཉན་བྱེད་འཕྲུལ་ཆས་ནས་རོལ་དབྱངས་ཉན་བཞིན་ཇ་ལོ་འཐུ་བཞིན་པའི་སངས་རྒྱས་གཡུ་སྒྲོན་ཡིན་པ།

    772513_yis_1600923763578_s.jpg

    འདི་ནི་མེ་ཏོག་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀུན་བཟང་ལྷ་འཛོམས(གཡས་ཀྱི་དང་པོ)ཀྱིས་སངས་རྒྱས་གཡུ་སྒྲོན་གྱི་ཁྱིམ་ཚང་ལ་ཇ་འཐུ་སྟངས་མཛུབ་ཁྲིད་བྱེད་བཞིན་པ།

    772512_yis_1600923763110_s.jpg

     འདི་ནི་སངས་རྒྱས་གཡུ་སྒྲོན་གྱི་གཅུང་མོས་བྱང་ཆ་ལྡན་པའི་ངང་ཇ་ལོ་འཐུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།