དབུ་ཤོག>ཞིང་འབྲོག་གསར་པ།
  • ཚ་བ་རོང་ཤང་གྲ་སྣ་གྲོང་ཚོའི་གྲོང་མི་བསོད་ནམས་ཆོས་འཕེལ་གྱིས་རང་ཁྱིམ་གྱི་དྲོད་ཁང་ནས་སྔོ་ཚལ་བསྡུ་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-25

    771812_yis_1600752220530_s.jpg

    ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་ཚ་བ་རོང་ཤང་གིས་ཞིང་འབྲོག་མང་ཚོགས་ཀྱི་སྔོ་ཚལ་འདེབས་འཛུགས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནས་ལས་ཞུགས་གཞན་སྒྱུར་བྱེད་རོགས་བྱས་ཡོད། ལག་རྩལ་མེད་པའི་མང་ཚོགས་ལ་དམིགས་ཏེ་ཚ་བ་རོང་ཤང་གིས་རྫ་ཡུལ་རྫོང་ཞིང་ལས་གྲོང་གསེབ་ཅུས་དང་མཉམ་འབྲེལ་བྱས་ནས་དོ་དམ་བྱེད་སྟངས་ཞིབ་ཚགས་སུ་བཏང་བ་དང་། དུས་བཀག་ནང་འདེབས་འཛུགས་དུད་ཚང་དཔེ་སྟོན་དྲོད་ཁང་དུ་ལྟ་སྐོར་སློབ་སྦྱོང་བྱེད་དུ་བཅུག་སྟེ་ས་གནས་ས་ཐོག་ཏུ་ཚལ་འདེབས་སྟངས་ཀྱི་འགག་རྩའི་ལག་རྩལ་བསླབས་ནས་ཉམས་མྱོང་མེད་པ་དང་ལག་རྩལ་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཡོད། གསོ་སྦྱོང་བྱས་པ་བརྒྱུད་སྔོ་ཚལ་དྲོད་ཁང་གི་འདེབས་འཛུགས་དུད་ཚང་ཐག་ཉེ་ས་དང་སྟབས་བདེ་སར་འབབ་འཕར་ཕྱུག་འགྱུར་བྱུང་ཡོད་ལ། ནང་མིར་ལྟ་རྟོགས་ཀྱང་བྱེད་ཐུབ་སྟེ་ཁྱིམ་ཚང་དང་ལས་ཀ་གཉིས་ཀར་འཐུས་ཤོར་ཕྱིན་མེད་པས། མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

    འདི་ནི་ཚ་བ་རོང་ཤང་གྲ་སྣ་གྲོང་ཚོའི་གྲོང་མི་བསོད་ནམས་ཆོས་འཕེལ་གྱིས་རང་ཁྱིམ་གྱི་དྲོད་ཁང་ནས་སྔོ་ཚལ་བསྡུ་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།