
འདི་ནི་སྟབས་བདེའི་འཁྱགས་ཉར་བཟའ་བཅའ་སྟེ་དེང་རབས་ཀྱི་མགྱོགས་ཚད་མྱུར་བའི་འཚོ་བ་དང་ཟུང་འབྲེལ་བྱས་ཏེ་ས་མཐོའི་ལས་ཞུགས་མི་སྣར་དམིགས་སུ་བཟོས་པའི་ནས་སྦྱོར་འབྲས་ཆན་ཧེམ་བག་ཡིན་པ།

འདི་ནི་བོད་ལྗོངས་ལྷོ་རོང་གི་ས་བབ་མཐོ་ཚད་སྨི་3600ཡན་གྱི་སྦགས་བཙོག་མེད་ལ་སྤུས་ཀ་ལེགས་པའི་ནས་ཀྱི་རྒྱུ་ཆ་གཙོ་བོ་བྱས་ནས་དེང་རབས་ཀྱི་ཐོན་སྐྱེད་སྒྲིག་ཆས་སྤྱད་དེ་བཟོས་པའི་ནས་ཐུག་ཡིན་པ།
ལྷོ་རོང་རྫོང་ལྷོ་རོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སི་ནི་ལྷོ་རོང་རྫོང་རྩེ་ཐོག་གྲོང་རྡལ་དུ་གནས་ཡོད་ཅིང་། དེ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་། རང་སྐྱོང་ལྗོངས་A3རིམ་པའི་ཁེ་ལས། ཆབ་མདོ་གྲོང་ཁྱེར་རིམ་པའི་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་བཅས་ཡིན་པ་མ་ཟད། ད་དུང་རྒྱལ་ཁབ་རིམ་པའི་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་སུ་ངོས་འཛིན་བྱས་ཟིན། ཀུང་སི་དེ་2006ལོར་བཙུཌ་ཤིང་། མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་བ་དང་། ཀུང་སིའི་རྒྱ་ཁྱོན་ལ་སྤྱི་ལི་ངོས་གྲུ་46500ཟིན་ཡོད། ད་ཆ་ཀུང་སི་དེར་ལས་མི་45ཡོད་པ་དང་། ཐོན་སྐྱེད་སྦྲེལ་ཐག་10ལེཌ་གྲུབ་ཟིན་ཡོད། ཐོན་རྫས་གཙོ་བོ“ལྷོ་རྫོང”ནས་ཀྱི་ཐོན་རྫས་ཏེ་ཡོས་དང་། བྲ་ཕྱེ། ཆུ་འཐག་གི་རྩམ་པ། རྩམ་པའི་ཏན་ཞིམ། ནས་ཀྱི་ཐུག་པ། ནས་ཀྱི་འབྲས་ཆན་ཧེམ་བག་སོགས་ཐོན་རྫས་རིགས་40ལྷག་ཙམ་ཡོད།
ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སིའི་ཐོན་ལས་ཀྱི་ངེས་གནས།
ལྷོ་རོང་རྫོང་ལྷོ་རོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སིས་ལྷོ་རོང་རྫོང་གི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་། ནས་སྤུས་ལེགས་དང་བྲ་བོ་ལས་སྣོན་བྱས་ཏེ་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ཞིང་། སྔོན་མ་འབྲུ་རིགས་ཁོ་ན་འཚོང་བ་ནས་ནས་ཀྱི་བཀལ་ཐུག་སྤུས་ལེགས་དང་། རྩམ་པའི་ཏན་ཞིམ། ཆུ་འཐག་རྩམ་པ་སོགས་ཀྱི་ཐོན་རྫས་བཟོས་ནས་འཚོང་བའི་བར་འགྱུར་ལྡོག་བྱུང་ཞིང་། ཐོན་ལས་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཞབས་འདེགས་ལག་བསྟར་དང་། ཁྲོམ་རར་སྣེ་ཁྲིད། ཁེ་ལས་ཀྱིས་སྣེ་འདྲེན། རྟེན་གཞིས་རྒྱབ་ལྗོངས། ཞིང་དུད་རྟེན་ས། ཞིང་པ་ཕན་གདགས་ཡུལ་བཅས་བྱས་ཏེ། ལྷོ་རོང་རྫོང་གི་སྤྱི་ཚོགས་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བཏང་ཡོད།
ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སིའི་གཉེར་སྐྱོང་བྱ་ཐབས་དང་ཕན་འབྲས།
ཀུང་སིས“ཀུང་སི་དང་། རྟེན་གཞི། ཞིད་དུད། ཁྲོམ་ར”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱ་ཐབས་གཞིར་བཟུང་། ཁེ་ལས་ཀྱི་ཡོང་འབབ་མང་དུ་གཏོང་བའི་ཁར་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག ནས་འདེབས་དུད་ཚང་1000(དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་207ཡི་མི་342ཚུད་ཡོད)དང་ཉོ་སྒྲུབ་གན་རྒྱ་བཞག་པ་དང་། ད་དུང་ཁྲོམ་རའི་རིན་གོང་ལས་རྒྱ་མ་རེར་སྒོར་0.7གྱིས་མཐོ་བ་སྤྲོད་ཀྱི་ཡོད་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཚང་མར་ཆ་སྙོམས་ཡོང་འབབ་སྒོར་800ལྷག་ཙམ་བྱུང་ཡོད། དེས་མ་ཚད་ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་38ཀྱི་ལས་མི་དབུལ་པོའི་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་བྱས་ཏེ། ལས་མིར་ད་ཆ་ཟླ་རེར་ལས་ཀ་འཕར་མ་བྱས་པའི་ཡོང་འབབ་ཆ་སྙོམས་སྒོར་2800ལྷག་ཙམ་ཡོད།
སྲོལ་རྒྱུན་ནས་དེང་རབས་དང་། རྐྱང་པ་ནས་སྣ་མང་ཅན་བར་གྱི་འགྱུར་ལྡོག
2017ལོའི་ཟླ་8པའི་ཟླ་འགོར། ལྷོ་རོང་རྫོང་ལྷོ་རོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སི་དང་བོད་ལྗོངས་མཁའ་འགྲུལ་དབར་མཁའ་འགྲུལ་བཟའ་བཅའ་ཉོ་སྒྲུབ་གྲོས་མཐུན་གན་རྒྱ་བཞག་པ་དང་། ལོ་ལྟར་བཟའ་བཅའ་མཁོ་འདོན་བྱེད་པ་མ་ཟད། ད་དུང་གོམ་སྟབས་རྗེས་མར་ལྷོ་རྫོང་ཀུང་སིས་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་དབར་དེ་བས་མང་བའི་གན་རྒྱ་བཞག་ནས་ཐོན་རྫས་མཁོ་སྤྲོད་བྱེད་ཚད་སྔར་བས་མང་དུ་གཏོང་རྒྱུ་རེད། ལྷོ་རོང་རྫོང་སློབ་གསོ་ཅུས་དང་ཀུང་སིའི་དབར་གྲོས་མཐུན་གན་རྒྱ་བཞག་ནས་སློབ་མར་འཚོ་བཅུད་ལྡན་པའི་ཞོགས་ཟས་རྩམ་པའི་ཏན་ཞིམ་མཁོ་འདོན་བྱེད་ཀྱི་ཡོད།