
ཉེ་བའི་ལོ་ཤས་རིང་། ལྷ་རྩེ་རྫོང་གིས་བོད་བྱ་གསོ་ཚགས་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་ནས“རྫོང་གྲོང་གི་མཉམ་ལས་སྤྱི་ཁྱབ་ཁང+ཤང་དང་གྲོང་རྡལ་གྱི་མཉམ་ལས་ཡན་ལག་ཁང+དུད་ཚང་དབུལ་པོའི”གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་བོད་བྱ་སྐྱོང་སྤེལ་དང་། བོད་བྱ་ཁ་ཐོར་ངང་གསོ་ཚགས། སྐོར་སྐྱོད་གསོ་ཚགས་བཅས་ཀྱི་ཆེད་ལས་མཉམ་ལས་ཁང་གོང་འཕེལ་བཏང་བ་དང་། བོད་བྱ་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་དང་ལྷ་རྩེ་རྫོང་གི་བོད་བྱའི་ཐོན་རྫས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེར་གཏོང་དང་དེ་བཞིན་ཞིང་དུད་ཀྱིས་བོད་བྱ་གསོ་ཚགས་བྱེད་རིང་གི་ཁྲོམ་རའི་ཉེན་ཁ་འགོག་ནུས་ལེགས་སུ་གཏོང་བ་བཅས་བྱས་པས་ཞིང་སྐུལ་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ཞིང་། འདི་ནི་ལྷ་རྩེ་རྫོང་གི་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལས་མིས་བོད་བྱར་ལྟོ་སྟེར་བཞིན་པ།