དབུ་ཤོག>ཞིང་འབྲོག་གསར་པ།
  • སྤུ་ཧྲེང་རྫོང་གིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-16

    ཉེ་ཆར། སྤུ་ཧྲེང་རྫོང་མི་སྤྱི་ཅུས་ཀྱིས“ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི”གསོ་སྦྱོང་ཧུར་ཐག་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི“ཤུགས་ལས་རྣམ་པ”ནས“རྩལ་ནུས་རྣམ་པར”བསྒྱུར་བའི་ལས་དོན་ལ་ཁྲིད་སྟོན་བྱེད་པ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐག་ཉེ་ས་དང་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་པར་བྱས་ཏེ་དབུལ་སྒྲོལ་གྱི་ཕན་འབྲས་སྔར་བས་སྲ་བརྟན་དུ་བཏང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། སྤུ་ཧྲེང་རྫོང་མི་སྤྱི་ཅུས་ཀྱིས་རྫོང་ནང་ཁུལ་གྱི་རིགས་ཁག་གི་མི་སྤྱོད་ཁྱབ་ཁོངས་དང་། དེ་བཞིན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་བཅར་འདྲིར་སྐྱོད་པར་བརྟེན་ནས་མི་སྤྱོད་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། རིགས་ཁག་གི་མི་སྤྱོད་ཁྱབ་ཁོངས་ཀྱི་འགན་འཁུར་བ་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱེད་པ། “ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ”དང་། དེ་བཞིན་ཞིང་འབྲོག་པའི་ལས་ཞུགས་རྟེན་གཞི་འཛུགས་སྐྲུན་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། “ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི”གསོ་སྦྱོང་གི་ལས་དོན་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་འཛུགས་སྐྲུན་གྱི་ལས་དོན་སྤེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། རྫོང་དེ་ཡོངས་ལ་མཐིལ་རྟོགས་གྲལ་བཤེར་དང་དེ་བཞིན་རྗེས་སྙེགས་བཅར་འདྲི་བྱེད་པར་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དང་། གསོ་སྦྱོང་གི་བླང་བྱ། དེ་བཞིན་ཁེ་ལས་ཀྱི་མི་སྤྱོད་ཀྱི་དགོས་མཁོ་བཅས་ཤེས་རྟོགས་བྱས་ཡོད། མིག་སྔའི་བར“ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི”རྟེན་གཞི་3སྒྲིག་འཛུགས་བྱས་པ་དང་ས་གནས་ས་ཐོག་ཏུ“ལས་ཀས་གསོ་སྦྱོང་གི་ཚབ་བྱ་ཡུལ”གྱི་མི་197གཏན་འཁེལ་བྱས་པ་རེད། 

    ད་རེས་ཀྱི“ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི”རྩལ་ནུས་གསོ་སྦྱོང་ལས་ཞིང་འབྲོག་མང་ཚོགས་ཀྱིས་རང་ས་རང་ཡུལ་དང་། ཐག་ཉེ་ས། སྟབས་བདེ་ས་བཅས་ཀྱི་སྒོ་ནས་ལས་ཞུགས་ཐུབ་པར་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་མཐོ་རུ་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ཁེ་ལས་ཀྱི་མི་སྤྱོད་ཀྱི་གནོན་ཤུགས་ཆུང་དུ་བཏང་བས་གཅིག་གོ་བཞི་ཆོད་ཀྱི་ཕན་འབྲས་ཐོན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།