དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་གི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་འཛུགས་སྐྲུན་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-07

    758131_yis_1596443975790_s.jpg

    འདི་ནི་ཡུལ་སྨད་ཤང་གི་ཡུལ་ལྗོངས་ཡིན་པ།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྐྱོད་ཚེ། མིག་ལམ་དུ་འཆར་བ་ནི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། རྣམ་པ་གསར་པ་བཅས་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བའི་མཐའ་མཚམས་ཀྱི་རི་གྲོང་ཡུལ་སྨད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    “མི་རྣམས་ཀྱི་སྣང་བའི་ཁྲོད་ཀྱི་རྗེས་ལུས་དང་དབུལ་ཕོངས་ཀྱི་ཡུལ་སྨད་ཤང་དེ་འདས་ཟིན་པའི་གནས་ཚུལ་རེད། ད་ཆ་ཡུལ་སྨད་ཤང་གི་ཁྱིམ་དུད་ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པར་སྡོད་རྒྱུ་བྱུང་ཡོད་ལ། གློག་དང་དྲ་བ་ཡང་ཤར་གཏོང་ཐུབ་ནས་ཚང་མ་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས། ཡུལ་སྨད་ཤང་གི་དེང་གི་འཕེལ་རྒྱས་དང་འགྱུར་ལྡོག་ནི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལས་བྱུང་བ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་པ་ནས་བཟུང་ཡུལ་སྨད་ཤང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད”ཅེས་ཡུལ་སྨད་ཤང་གི་འགྱུར་ལྡོག་སྐོར་གླེང་སྐབས་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་སྒྲོལ་དཀར་གྱིས་དེ་ལྟར་བཤད།

    གསར་འགོད་པས་ཡུལ་སྨད་ཤང་གི་མང་ཚོགས་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་བསྔགས་བརྗོད་ཆེན་པོ་བྱེད་པ་དང་ཆབས་ཅིག མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ལ་བློ་ཡིད་ཚིམ་པོ་བྱེད་པའང་ཤེས་བྱུང་།

    ཕྱགས་མ་དང་། ཟ་ཐུར། ཤིང་ཕོར་སོགས་བཟོ་བྱེད་ཀྱི་འཕྲུལ་ཆས་ཉོས་པ་དང་བསྟུན་ནས་ཡུལ་སྨད་གྲོང་ཚོའི་སྨྱུག་ཆས་ལས་སྣོན་བཟོ་གྲྭ་ཐོན་སྐྱེད་བྱེད་འགོ་ཡང་ཚུགས་ཡོད། “འདི་ནི་ཤང་གི་བཟོ་གྲྭ་དང་པོ་དེ་ཡིན། དང་པོ་ཡོད་ན་གཉིས་པ་དེ་ཡང་ཡོང་སྲིད། སླད་ཕྱིན་ང་ཚོས་ད་དུང་བཟོ་གྲྭ་དེ་བས་མང་བ་བཙུགས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་བཤད།

    པ་སངས་ཚེ་རིང་གིས་བཤད་པ་ལྟར། དོན་དངོས་ཐོག་ཡུལ་སྨད་གྲོང་ཚོའི་མང་ཚོགས་ཚོས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ཚོར་ཡོད་པ་རེད།

    ཡུལ་སྨད་ཤང་གི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་འཛུགས་སྐྲུན་ཁྲོད། ས་གནས་དེ་གའི་མང་ཚོགས་ལ་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། ཏང་དང་སྲིད་གཞུང་གིས་མ་དངུལ་བཏང་ནས་ས་གནས་དེ་གར་སྔོ་ཚལ་དྲོད་ཁང་4བསྐྲུན་ཡོད། “དེ་སྔ་དགུན་ཁ་ཕར་བཞག་དབྱར་ཁར་ཡང་སྔོ་ཚལ་ཧ་ཅང་དཀོན་པོ་ཡོད། ལོ་ལྟར་དགུན་ཁར་གངས་བབས་ནས་ལམ་མ་འགག་གོང་དུད་ཁྱིམ་ཚང་མས་ལ་ཀླུང་བརྒལ་ནས་རྫོང་གྲོང་ངམ་ཡང་ན་ལྷོ་ཁ་གྲོང་ཁྱེར་དུ་དགུན་སྒྲོལ་གྱི་དངོས་ཟོག་ཉོ་བར་འགྲོ་དགོས་ཀྱི་་ཡོད། འོན་ཀྱང་སྔོ་ཚལ་རུལ་སླ་བས་མང་པོ་ཉོ་ནུས་ཀྱི་མེད”ཅེས་སྒྲོལ་དཀར་གྱིས་གསར་འགོད་པར་བཤད།

    ཡུལ་སྨད་ཤང་གི་མཁའ་རླུང་ལ་བཞའ་ཚན་ཆེ་ཡང་ས་གཤིས་ཞན་པར་བརྟེན་སྤྱིའི་ཆ་ནས་འབྲུ་རིགས་ཏིལ་འབྲུ་ཙམ་ཡང་བསྡུ་རྒྱུ་མེད་ལ་སྔོ་ཚལ་ནི་དེ་བས་མཐོང་རྒྱུ་མེད། སྔོ་ཚལ་དྲོད་ཁང་བརྒྱབ་རྗེས་ས་གནས་དེ་གའི་མང་ཚོགས་ཀྱི་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་ཡོད་ལ། ད་དུང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡང་ཇེ་ཡངས་སུ་ཕྱིན་ཡོད། པ་སངས་ཚེ་རིང་གི་བརྗོད་དོན“སྔོ་ཚལ་ས་གནས་དེ་གའི་མང་ཚོགས་ལ་འདང་བ་ཕུད། ད་དུང་འབྱོར་འབྲིང་དཔེ་སྟོན་ཤང་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་ཀྱང་རྟག་ཏུ་སྔོ་ཚལ་ཉོ་བར་ཡོང་གི་ཡོད། ཤང་གི་ལས་བྱེད་པ་འགའ་ཞིག་གིས་ཀྱང་འཁོར་ཤག་སྡོད་སྐབས་ཆེད་མངག་སྔོ་ཚལ་ནང་མིར་འཁྱེར་འགྲོ་ཡི་འདུག ཚང་མས་ཡུལ་སྨད་ཀྱི་སྔོ་ཚལ་ལ་བྲོ་བ་དམིགས་བསལ་ཞིག་འདུག་ཅེས་བརྗོད་ཀྱི་འདུག”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་མང་ཚོཌ་ལ་འཕྲིན་ལན་སྤྲིངས་ཚུན། ཡུལ་སྨད་ཤང་སྔར་བས་སྐད་གྲགས་ཆེ་རུ་སོང་ཞིང་། བཟང་པོའི་ཞོར་ལ་ཇ་ཆང་ཟེར་བ་ལྟར། ཡུལ་སྨད་ཤང་གི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་འཛུཌ་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། ཡུལ་སྨད་ཤང་གིས་གཏེར་ཆུའི་བཟོ་གྲྭ་དང་བོད་ཕག་གསོ་ཚཌ་ཁང་སོཌ་ཁྱད་ལྡན་ཐོན་ལས་རྣམ་གྲངས་བསྐྲུན་ནས་ཡུལ་སྨད་ཀྱི་སྤུས་རྟཌ་གཏོད་རྩིས་ཡོད་པ་རེད།

    “མིག་སྔར་གཏེར་ཆུའི་བཟོ་གྲྭ་བསྐྲུན་ཟིན་པ་དང་སྔོན་རྩིས་བྱས་ན་ལོ་མཇུག་ཏུ་སྒྲིག་ཆས་ཚང་མ་བསྒར་ནས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་རེད། འབྲི་གཡག་གཅིག་སྡུད་གསོ་ཚགས་ཁང་དང་བོད་ཕག་གསོ་ཚགས་རྟེན་གཞི་ཡང་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད། རྣམ་གྲངས་དེ་དག་བསྐྲུན་རྗེས་ཡུལ་སྨད་ཤང་གི་དུས་སྐབས་བཟང་ཤོས་དེར་སླེབས་སྲིད། སྐབས་དེ་དུས་ཡུལ་སྨད་ཤང་དེ་བས་འབྱོར་ཕྱུག་དང་མི་རྣམས་ཀྱི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྒུལ་ཤུགས་དེ་བས་ཆེ་རུ་འགྲོ་སྲིད”ཅེས་ཡུལ་སྨད་ཤང་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་དེ་ལྟར་བརྗོད།

    “མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན། ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཤང་ཡོངས་ཀྱི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་མཐའ་མཚམས་རི་གྲོང་དེ་བས་མཛེས་སྡུག་ལྡན་ལ། མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་ཟླ་བས་གདེང་ཚོད་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།