ཁྱིམ་གྱི་སྒོ་རྩར་བསྐྲུན་པའི་ཨར་འདམ་གཞུང་ལམ་ལ་ཕྱོགས་ནས། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོའི་འབུམ་ཐང་ཚོགས་ཆུང་གི་ལོ་56ལ་སླེབས་པའི་སྐལ་བཟང་གི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་ཞིང་། “ལམ་གསར་པ་བསྐྲུན་རྗེས་ང་ཚོའི་ཕྱིར་སྐྱོད་ལ་དེ་བས་སྟབས་བདེ་བྱུང་སོང”ཞེས་བརྗོད།
སྦས་སྣ་གྲོང་ཚོའི་འབུམ་ཐང་ཚོགས་ཆུང་ནི་ལྷ་ཡུལ་ཤང་གི་ཐག་རིང་ལུང་ཁུག་དུ་གནས་པའི་རང་བྱུང་གྲོང་ཚོ་ཞིག་ཡིན་ལ། འཕྱོངས་རྒྱས་རྫོང་གི་རང་བྱུང་གྲོང་ཚོ་71ལས་ཨར་འདམ་ལམ་ཤར་གཏོང་ཐུབ་པའི་རང་བྱུང་གྲོང་ཚོ་མཐའ་མ་ཡང་རེད། འདི་ལོའི་ཟླ་5ཚེས་15ཉིན་སྦས་སྣ་གྲོང་ཚོའི་འབུམ་ཐང་ཚོགས་ཆུང་གི་གཞུང་ལམ་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་། མིག་སྔར་ཚང་མ་ལས་མཇུག་འགྲིལ་ཡོད། ལྷ་ཡུལ་ཤང་འབུམ་ཐང་ཚོགས་ཆུང་གི་གཞུང་ལམ་རྣམ་གྲངས་བསྐྲུན་རྗེས། ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོའི་འབུམ་ཐང་ཚོགས་ཆུང་གི་དུད་ཚང་67གྱི་མང་ཚོགས་265ཡི་ཕྱིར་སྐྱོད་ལ་སྟབས་བདེ་བྱུང་བ་མ་ཟད། ས་གནས་མང་ཚོཌ་ཀྱི་ནས་དང་། ཞོག་ཁོག བོད་བྱ། སྒོ་ང་སོགས་ཕྱིར་ཚོང་དང་སྐྱེལ་འདྲེན་ལའང་སྟབས་བདེ་བསྐྲུན་ཏེ། ས་གནས་དེ་གའི་མང་ཚོཌ་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་འཕྱོངས་རྒྱས་རྫོང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། གྲོང་གསེབ་གཞུང་ལམ“འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ”བཅས་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཤིང་། གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཞིང་ལས་གྲོང་གསེབ་དེང་རབས་ཅན་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། “ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོཌ་ཡོངས་ནས་སྐུལ་འདེད་བཏང་བ་རེད།
འཕྱོངས་རྒྱས་རྫོང་གིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བརྒྱུད། ཕྱོགས་བཞིར་བསྲིངས་པའི་ཡངས་ཤིང་རྒྱ་ཆེ་ལ་བདེ་འཇཌ་ལྡན་པའི་གྲོང་གསེབ་གཞུང་ལམ་དག་འཕྱོངས་རྒྱས་མི་དམངས་ཀྱི་ཕྱིར་སྐྱོད་ལམ་བུ་དང་། བདེ་སྐྱིད་ཀྱི་ལམ་བུ། འབྱོར་འབྲིང་གི་ལམ་བུ་བཅས་སུ་གྱུར།