ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་དགུ་པས་གྲོང་ཚོར་བཅའ་སྡོད་བྱས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་བྱེད་པའི་གྲོང་སྡོད་ལས་དོན་ལ་གནད་སྨིན་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་ཉིང་ཁྲི་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱ་ཆེད། “བསམ་བློ་གཏོང་མཁས་པ་དང་། ཐོན་ཁུངས་འཚོལ་ཞིབ། འཕེལ་རྒྱས་ལ་སྐུལ་འདེད”བཅས་ཀྱི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་ཀྱིས་གྲོང་ཚོའི་གནས་ཚུལ་ལ་གཞི་ཚུགས་པ་དང་། ཡུལ་སྐོར་ཐོན་ལས་ལ་ཤུགས་སྣོན་རྒྱག་པ། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། བློ་སྐྱོར་དང་རིག་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱས་ཡོད།
ཡུལ་སྐོར་ཐོན་ལས་ཤུགས་ཆེར་བཏང་སྟེ།
རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཕྱུག་འགྱུར་ལམ་བུ་བཏོད་པ།
སྤོ་བོ་རྫོང་གཡུ་ཕུག་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དམ་འཛིན་བྱ་གཞིར་བྱས་ནས་གྲོང་ཚོ་རིམ་པའི་དཔལ་འབྱོར“ཕྱོགས་ཡོངས་ནས་འཕེལ་རྒྱས”ལ་སྐུལ་ཁྲིད་བྱས་ཏེ་རྒྱལ་ལམ་318ཀྱི་ལམ་རྒྱུད་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི“མྱུར་ལམ”ལ་འགྱུར་བར་བྱས་ཡོད།
གཡུ་ཕུག་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཐོན་ཁུངས་དང་འགྲིམ་འགྲུལ་གྱི་ལེགས་ཆ་མཐའ་འཁྱོངས་བྱས་ཏེ། “གྲོང་མིའི་ཁྱིམ་དུ་ཞག་སྡོད་བྱེད་པ་དང་། གྲོང་གསེབ་ཏུ་སྤྲོ་འཆམ་བྱེད་པ། རི་ཀླུང་ཉམས་སུ་མྱོང་བ་བཅས་དང་། རང་བྱུང་ཁམས་ཀྱི་བྲོ་བ་དང་། རང་ཡུལ་གྱི་བྲོ་བ། མི་ཡུལ་གྱི་བརྩེ་བ་བཅས་ལྡན་པ”དམིགས་ཚད་དུ་བྱས་ནས“དྲོ་སྐྱིད་ལྡན་པའི་ཞག་སྡོད་དང་། རྣམ་ཤེས་ལྡན་པའི་འཚོ་བ། བརྩེ་དུང་ལྡན་པའི་མྱོང་ཚོར”བཅས་ཀྱི་བོད་རིགས་ཀྱི་སྲོལ་རྒྱུན་ཞག་སྡོད་བྱེད་ས་བཏོད་ཡོད།
མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་སྟེ།
ཞིང་འབྲོག་མང་ཚོགས་ཚོའི་ཡོང་འབབ་མང་དུ་བཏང་བ།
རྫ་ཡུལ་རྫོང་ཡུལ་སྨད་གྲོང་རྡལ་སྤྱི་གཏོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་ཞིང་ནང་དང་མུ་ཁར་བསྐྱོད་དེ་བརྟག་ཞིབ་དང་། མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་དང་། ཚན་རིག་ལག་རྩལ་ལ་བརྟེན་ནས་ས་ཞིང་ལེགས་བཅོས། དྲོད་ཁང་ཆེ་མོ་བསྐྲུན་པ་བཅས་བརྒྱུད་དེ། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ཡོང་འབབ་མང་བའི་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་གཙོ་བོར་བྱེད་པའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི་10གྲབས་གསོག་ཧུར་ཐག་བྱས་ནས་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་640ཟིན་པའི་དྲོད་ཁང་ཆེ་མོ་3བསྐྲུན་ཡོད། དྲོད་ཁང་ཆེ་མོའི་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་ཀྱི་གསོན་ཚད་མཐོ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་ཞིང་འབྲོག་ཅུས་དང་། ཚན་རྩལ་ཅུས་སོགས་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས། ཆེད་ལས་ལག་རྩལ་ལ་བརྟེན་ནས་སྤུས་ལེགས་ཐོན་རྫས་འདེམས་པ་དང་མྱུག་གསོ་བྱས་ཏེ་དྲོད་ཁང་ཆེ་མོའི་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་རྣམ་གྲངས་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ཡོད།
བློ་སྐྱོར་དང་རིག་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།
སྒུག་རྟེན་སློང་གསུམ་གྱི་བསམ་བློའི་རྩ་བ་མེད་པར་བཟོས་པ།
ཀླུ་ནང་དོ་དམ་ཨུ་ལྷན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”དང་ཁེ་ལས་དབར་མཐུན་སྦྱོར་འབྲེལ་གཏུག་ཧུར་ཐག་བྱས་ནས་ས་གནས་དེ་གའི་ངལ་ནུས་གླས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། མིག་སྔའི་བར་ས་གནས་དེ་གའི་མང་ཚོགས་མི་ཐེངས་700ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་130ལྷག་ཙམ་བྱུང་ཡོད།
ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་ལེན་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ལ་གྲོང་རྡལ་དུ་བཅའ་སྡོད་ཁེ་ལས་སྐོར་ནས་གྲོས་མོལ་ཧུར་ཐག་བྱས་པ་དང་། གྲོང་ཚོའི་ནང་གི་བུད་མེད་སྒྲིག་འཛུགས་ཀྱིས་ཁྱིམ་ཚང་གི་བཟོ་ཁང་ཆུང་ཆུང་བཙུགས་ཏེ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོས་ཤིང་། ཐོན་རྫས་རེར་སྒོར་4ནས་5བྱས་ནས་ཉོ་སྒྲུབ་བྱས་ཡོད། དེ་དང་ཆབས་ཅིག་བྲག་ཆུ་གྲོང་རྡལ་གྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པས་མི་7ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ཟླ་རེར་གླ་ཆ་སྒོར་3000ནས་སྒོར་4500བར་ཟིན་ནས་གཞི་རྩའི་ཆ་ནས་གནས་སྤོས་མང་ཚོགས་སྡོད་ཁང་སྐྱོ་ཁུལ་ནས་གནས་སྤོ་ཐུབ་པ་དང་། དབུལ་པོའི་རྩ་བ་དྲུང་ནས་ཕྱུང་བ། དབུལ་པོའི་ལས་རིགས་བརྗེས་པ། འབབ་འཕར་བཅས་བྱུང་ཡོད།