དབུ་ཤོག>ཞིང་འབྲོག་གསར་པ།
  • སྙན་རོང་རྫོང་གི་འབྲོག་ལས་རྣམ་གྲངས་49ཡིས་ཕྱུག་འགྱུར་ལམ་བུ་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-24

    2016ལོ་ནས་བཟུང་། སྙན་རོང་རྫོང་གིས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་འགག་གནད་དམ་པོར་བཟུང་སྟེ་འབྲོག་ལས་ཐོན་ལས་འཕེལ་རྒྱས་དང་། རྒྱ་སྟོབས་ཆེ་རུ་གཏོང་བ། སྤུས་ལེགས་བཅས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། རིམ་རྩིས་བྱས་ན། ཐོན་ལས་རྣམ་གྲངས་49ལག་བསྟར་བྱས་པ་དང “གནས་ཐོག་ཐོན་སྐྱེད་དང་། དྲ་ཐོག་སྐྱེལ་འདྲེན། ངོས་ཐོག་སྤུས་རྟགས་གཏོད་པ”བཅས་ཀྱི་ལས་ཀའི་བྱ་ཐབས་གཞིར་བཟུང་འབྲོག་ལས་ཐོན་ལས་ཀྱི་གཞི་རྩའི་ས་ཚིགས་4ཆགས་པར་བྱས་པ་དེ་རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོཌ་དབུལ་པོ་11449ལ་ཁྱབ་ནས་མང་ཚོགས་ཕྱུག་འགྱུར་འབབ་འཕར་གྱི་ཐབས་ལམ་བརྟན་དུ་བཏང་ཡོད།

    ཐོན་ལས་རྣམ་གྲངས་གཉེར་སྐྱོང་ལ་ཕན་འབྲས་ཐོན་རྒྱུར་དམ་འཛིན་ནན་པོ་བྱས་ཤིང་། ཐོན་ལས་འཕེལ་རྒྱས་ལས་དོན་གྱི་ཆེད་དོན་གཞུང་ལས་ཁང་དུས་ཐོག་ཏུ་བཙུགས་ནས་མི་5ཟུར་འཐེན་བྱས་ནས་ཐོན་ལས་རྣམ་གྲངས་གཉེར་སྐྱོང་ལས་དོན་གྱི་འགན་འཁུར་བ་དང་། “ཤང་རེར་ཁང་རེ”བྱས་པ་10དང་། “གྲོང་ཚོ་རེར་མཉམ་ལས་ཁང་རེ”བྱས་པ་102ཀྱི་མཉམ་ལས་རྩ་འཛུགས་ཀྱི་ནོར་དོན་གཏོང་ཡོང་རྩིས་ཁྲ་དང་ཁེ་ཕན་འབྲེལ་མཐུད་ནང་གི་མང་ཚོགས་ལ་ཁེ་སྤོགས་བགོ་བཤའ་བརྒྱབ་ཚུལ་ལ་སླར་ཡང་གྲལ་བཤེར་དང་གསེད་བཀྲོལ་བྱས་ཏེ། ཐོན་ལས་རྣམ་གྲངས་སྔ་ཙམ་གཉེར་སྐྱོང་དང་སྔ་ཙམ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་དབུལ་པོར་སྔ་ཙམ་ཁེ་སྤོགས་བགོ་བ་དང་སྔ་ཙམ་ཕན་པ་ཐོབ་པར་བྱས་ཡོད།

    མཉམ་ལས་རྩ་འཛུགས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་དམ་འཛིན་ནན་པོ་བྱས་ཤིང་། བཟོ་པར་གསོ་སྦྱོང་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ས་གནས་ས་ཐོག་ཏུ་མ་བཅོས་རྒྱུ་ཆའི་རིགས་དབྱེ་དང་། ཐོན་རྫས་ཐོག་མའི་ལས་སྣོན། དུག་སེལ་འབུ་གསོད། ཐོན་རྫས་ཐུམ་སྒྲིལ་སོགས་ཐོན་སྐྱེད་བརྒྱུད་རིམ་ཁྲོད་ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ་དང་ཐོན་ལས་བཟོ་པའི་བཀོལ་སྤྱོད་བརྒྱུད་རིམ་དུས་ཐོག་ཏུ་ཡོ་བསྲང་དང་ཚད་ལྡན་དུ་བཏང་ནས་མཉམ་ལས་རྩ་འཛུགས་ཚད་ལྡན་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱས་ཡོད།

    མཉམ་ལས་རྩ་འཛུགས་ཀྱི་སྤུས་རྟགས་ཅན་གྱི་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ཤིང་། སྙན་རོང་གི་སྤུས་རྟགས་དམ་འཛིན་བྱ་གཞིར་བྱས་ཏེ་རྫ་དམར་མཉམ་ལས་རྩ་འཛུགས་དང་ཁྲ་འདམ་ཤང་དཀར་ལ་འབྲོག་ར་སོགས་འབྲོག་ཟོག་ཐོན་སྐྱེད་རྩ་འཛུགས་གཅིག་འདོམས་ཀྱིས་སྙན་རོང་གི་མར་དང་ཕྱུར་བ་སོགས་རྒྱལ་ཁབ་ས་ཁམས་ཐོན་རྫས་ཀྱི་ཚོང་རྟགས་6རེ་ཞུ་བྱས་པ་རེད། སྙན་རོང་གི་སྤུས་རྟགས་རིགས་ཀྱི“ཁྲ་བོ་ནོར་4700”རྒྱལ་ཁབ་ནུས་རྒྱུ་ཚོགས་པར་བཙོངས་ནས་རྒྱལ་ས་པེ་ཅིང་དུ་ཐེངས་དང་པོར་བཏང་བར་སིལ་ཚོང་བསྡོམས་འབོར་སྒོར་ཁྲི་13བྱུང་ཡོད། སྤུས་རྟགས་ཅན་གྱི་འཛུགས་སྐྲུན་ལ་བརྟེན་ནས་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་2128ཟིན་པ་དང་མང་ཚོགས་དབུལ་པོ་16037ལ་འབབ་འཕར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།