དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་སྟེང་ཆེན་རྫོང་དུ་རྒྱ་སེ་མེ་ཏོག་སྤྲིན་ཚོམ་ཚོད་འདེབས་ལམ་ལྷོངས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-07-15

     དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ཉིན་ཤས་གོང་བོད་ལྗོངས་སྟེང་ཆེན་རྫོང་ས་མདོ་ཤང་དུ་བཏབ་པའི་རྒྱ་སེ་མེ་ཏོག་སྤྲིན་ཚོམ་ས་ཕྱོགས་གང་སར་ཁྲ་ལམ་མེར་བཞད་པ་དང་། མེ་ཏོག་བཞད་ཚད་80%ཡན་ཟིན་པ་དེ་ཐོག་ནས་སྟེང་ཆེན་རྫོང་གི་རྒྱ་སེ་མེ་ཏོག་སྤྲིན་ཚོམ་ཚོད་འདེབས་ལས་དོན་ལ་འབྲས་བཟང་སྨིན་པ་མཚོན་ཡོད།

    རྒྱ་སེ་མེ་ཏོག་སྤྲིན་ཚོམ་ཞེས་པ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྣོད་བཅུད་སྲུང་སྐྱོང་ཁུལ་དུ་རྩི་ཤིང་གི་རང་བྱུང་སྐྱེ་འཚར་ཆོས་ཉིད་ནན་པོར་གཞིགས་ནས་རང་བྱུང་གི་ཁོར་ཡུག་འཚམ་པོ་དང་། རང་བྱུང་གི་འཚར་ཡུན་རན་པོ། འདེབས་སྐབས་སྒོག་པས་གནོད་འབུ་སེལ་བ། པད་ཁ་སོགས་རྩི་ཤིང་གི་སྙིགས་རོར་བརྟེན་ནས་ལུད་རྒྱད་པ་སོགས་ལྷད་མེད་ཀྱི་སྣོད་བཅུད་ལག་རྩལ་སྤྱད་ནས་སྐྱེས་པའི་རྒྱ་སེ་མེ་ཏོག་རྩེ་གྲ་ཞིག་རེད།

    2018ལོར་སྟེང་ཆེན་རྫོང་གིས་རྒྱ་སེ་མེ་ཏོག་སྤྲིན་ཚོམ་འདེབས་པའི་རྣམ་གྲངས་ནང་འདྲེན་བྱས་ཤིང་། ལོ་གཅིག་ལྷག་ཙམ་གྱི་ཚོད་འདེབས་བྱས་པ་བརྒྱུད་འདི་ལོ་རྒྱ་སེ་མེ་ཏོག་སྤྲིན་ཚོམ་འདེབས་པའི་རྟེན་གཞི་མུའུ་50བར་ཆེ་རུ་བཏང་ཡོད། མིག་སྔར་སྐྱེ་ཚད་85%ཡན་ཟིན་ནས་ས་མདོ་ཤང་གི་མང་ཚོགས་འབབ་འཕར་ཡོང་བར་ཐབས་ལམ་གསར་པ་ཞིག་བྱུང་བ་རེད།

    སླད་ཕྱིན། སྟེང་ཆེན་རྫོང་གིས་ས་མདོ་ཤང་གི་འདེབས་འཛུགས་རྟེན་གཞི་དེ་ལྟེ་བར་བྱས་ནས“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བ་འཕེལ་རྒྱས་གཏོང་སྟངས་སུ་བྱེད་པ་དང་། ཀུང་སིའི་ལག་རྩལ་དང་། དོ་དམ། ཆ་འཕྲིན། ཕྱིར་ཚོང་ཐབས་ལམ་སོགས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་པ། རྒྱ་སེ་མེ་ཏོག་འདེབས་འཛུགས་མཉམ་ལས་ཁང་གིས་ཞིང་དུད་ཀྱི་ས་ཞིང་བརྒྱུད་བཤུག་དང་ངལ་རྩོལ་ནང་ཞུཌ་པ་སོགས་ཀྱི་ཐོག་ནས་ས་སྒང་དང་། གྱང་སྔོན། ཞེ་གཞུང་སོགས་ཤང་གི་ཚོད་འདེབས་ལས་དོན་ལ་སྐུལ་ཁྲིད་བྱས་ནས་འདེབས་ཁྱོན་མུའུ་1000བར་རིམ་བཞིན་ཆེ་རུ་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།