དབུ་ཤོག>ཞིང་འབྲོག་གསར་པ།
  • ཤང་དབྱང་གྲོང་ཁྱེར་གྱིས་འཕྱོངས་རྒྱས་རྫོང་ལ་དཔེ་དེབ་4007ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-10

    ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་མཐུན་སྦྱོར་བྱས་པ་བརྒྱུད། འདི་ལོ་ཚུན་དུ། ཤང་དབྱང་གྲོང་ཁྱེར་གྱིས་འཕྱོངས་རྒྱས་རྫོང་ལ་དཔེ་དེབ་4007ཞལ་འདེབས་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཕྱོངས་རྒྱས་རྫོང་གི་ཞིང་ལས་འཕེལ་རྒྱས་དགོས་མཁོར་དམིགས་ནས། ཉིན་ཤས་གོང་ཤང་དབྱང་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་འཕྱོངས་རྒྱས་རྫོང་ལ་ཞིང་ལས་དངོས་སྤྱོད་ལག་རྩལ་གྱི་དཔེ་དེབ་དང་སློབ་ཁྲིད་འོད་སྡེར་ཆ་ཚང་1000(དེབ)ཞལ་འདེབས་བརྒྱབ་པ་དང་། ཤང་དབྱང་གྲོང་ཁྱེར་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་འཕྱོངས་རྒྱས་རྫོང་རིག་གནས་ཁང་ལ་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་སྐོར་གྱི་ཚན་རིག་ཁྱབ་གདལ་གྱི་དཔེ་དེབ་1007ཞལ་འདེབས་བརྒྱབ་པ་དང་སྦྲགས། འཕྱོངས་རྒྱས་རྫོང་རིག་གནས་ཁང་དེ་ཉིད་ཤང་དབྱང་གྲོང་ཁྱེར་དཔེ་དེབ་ཁང་འཕྱོངས་རྒྱས་ཡན་ལག་ཁང་དུ་བཀོད་སྒྲིག་བྱས་ཤིང་། ཤང་དབྱང་གྲོང་ཁྱེར་ཤིན་ཧྭ་དཔེ་ཚོང་ཁང་གིས་འཕྱོངས་རྒྱས་རྫོང་སློབ་འབྲིང་ལ་རིག་གནས་སློབ་གསོའི་དཔེ་དེབ་2000ཞལ་འདེབས་བརྒྱབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།