དབུ་ཤོག>ཞིང་འབྲོག་གསར་པ།
  • ས་སྐྱ་རྫོང་གིས་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་བཏོན་ནས་གྲོང་ཚོའི་ལས་བྱེད་པར་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-10

    ཉེ་ཆར་ས་སྐྱ་རྫོང་གིས་2020ལོའི་གྲོང་ཚོའི་ལས་བྱེད་པའི་བྱང་ཚད་དང་ནུས་པ་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་གཉེར་བ་རེད། དེའི་དམིགས་ཡུལ་ནི་གྲོང་ཚོའི་ལས་བྱེད་པའི་བྱང་ཚད་དང་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

    གསོ་སྦྱོང་བདེ་བླག་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་ཆེད། གསོ་སྦྱོང་འཛིན་གྲྭས་འཕྲལ་མར་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་དང་ཀྲི་པུའི་སྐད་འཕྲིན་ཚོགས་པ་བཙུགས་ནས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་དང་། སློབ་སྦྱོང་གི་གཙོ་གནད་བསྐུར་བ། གསོ་སྦྱོང་མི་སྣའི་བསམ་བློའི་སྒུལ་རྣམ་འཕྱུགས་མེད་ངང་རྟོགས་པ་བཅས་བྱས་ཡོད། གཞན་ཡང་། གསོ་སྦྱོང་མི་སྣ་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་སློབ་གསོའི་གློག་བརྙན་སྟོན་པ་དང་། ཏང་དར་འོག་ཏང་གི་སྒྲིག་ཡིག་སྦྱོང་བ། གསར་བརྗེའི་སློབ་གསོའི་རྟེན་གཞིར་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་པ། གསར་བརྗེའི་གླུ་གཞས་གཏོང་བ། “བོད་གསར་རྙིང་བསྡུར་བའི”གཏམ་རྒྱུད་བརྗོད་པ། ཀྲུང་གོ་གསར་པའི་འཕེལ་རྒྱས་ལོ་རྒྱུས་ལྷུག་པོར་གླེང་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ་རེད།

    དུས་ཡུན་ཉིན་2ཀྱི་གཅིག་སྡུད་སློབ་སྦྱོང་ནང་། གསོ་སྦྱོང་འཛིན་གྲྭར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། གཞི་རིམ་ཏང་འཛུགས་སྐྱོང་། 《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་གཞི་རིམ་རྩ་འཛུགས་ཀྱི་ལས་ཀའི་སྲོལ་ཡིག》 གནད་སྨིན་དབུལ་སྐྱོར་གྱི་འབྲེལ་ཡོད་ཤེས་བྱ། “སྣང་ཆེན་བཞི་དང་དགའ་ཞེན་བཞི” གུང་ཁྲན་ཏང་ཡོན་གྱིས་ཆོས་ལུགས་ལ་དད་པ་བྱེད་མི་ཆོག་པའི་འབྲེལ་ཡོད་སྲིད་ཇུས། མཉམ་ལས་ཁང་ཚད་ལྡན་དང་མཐོར་གཏོང་བཅས་ཀྱི་འབྲེལ་ཡོད་སློབ་ཚན་བཀོད་སྒྲིག་བྱས་ཏེ། “རིགས་པའི་གཞུང་ལུགས་སློབ་སྦྱོང”བརྒྱུད་གྲོང་ཚོའི་ལས་བྱེད་པའི་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་རྒྱུར་བསམ་བློའི་འགན་ལེན་བྱས་པ་རེད།

    ཉེ་ཆར། ས་སྐྱ་རྫོང་ཨུད་རྩ་འཛུགས་པུས་གྲོང་ཚོའི་ལས་བྱེད་པ་52ལྷོ་ཁ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་ལྟ་སྦྱོང་བྱེད་པར་ཁྲིད་དེ་ལག་ལེན་དངོས་ལ་བརྟེན་ནས་ལས་ཀའི་ཞན་ཆ་སེལ་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པར་དཔྱད་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ས་ཆ་རེར་སླེབས་རིམ་བཞིན་གསོ་སྦྱོང་ནང་ཞུགས་མཁན་མི་སྣས་འགྲེལ་བཤད་ཉན་པ་དང་། དཔྱད་གཞི་ལྟ་ཀློག ཕན་ཚུན་སྤེལ་རེས་སོགས་ཀྱི་བྱེད་སྟངས་ཐོག་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར། མཉམ་ལས་ཁང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ཚད་ལྡན་ཅན་དུ་འཛུགས་གཏོད་སོགས་ཀྱི་སྔོན་ཐོན་གྱི་ལས་ཀའི་ཉམས་མྱོང་སློབ་སྦྱོང་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།