མུ་ལ་མུ་འཁྱུད་ཀྱི་སྔོ་ལྗང་ལྗོན་པས་བརྒྱན་པའི་རི་གཤམ་དུ་དྭངས་ཤིང་གཙང་བའི་ཆུ་བོ་རྒྱུག་པ་ལས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་གི་མཛེས་སྡུག་ལྡན་པའི་རྣམ་པ་མངོན་བཞིན་མཆིས།
ཁུ་སིམ་ལ་དྲོ་སྐྱིད་ལྡན་པའི་ཕྱི་དྲོ་ཞིག་དཔལ་ལགས་དང་ཁོང་གི་ལས་མི་ཚོས་འཁོར་འཚེམ་གྱི་མདུན་དུ་སྲོལ་རྒྱུན་གྱི་གྱོན་པ་རེ་རེ་བཞིན་འཚེམ་བཞིན་ཡོད་པ་རེད།
ཁོང་ཚོ་གནས་ཡུལ་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ཀུ་ཀུ་ར་ཚེ་སྲོལ་རྒྱུན་བོད་ཆས་ཆེད་ལས་ཞིང་འབྲོག་པའི་མཉམ་ལས་ཁང་ཡིན་པ་དང་དཔལ་ལགས་ནི་མཉམ་ལས་ཁང་དེའི་འགན་ཁུར་བ་རེད།
2018ལོར་སྲིད་གཞུང་གི་མ་དངུལ་གྱི་རྒྱབ་སྐྱོར་འོག་སྐྱེམས་སྟོང་ཤང་གིས་གློག་གི་འཁོར་འཚེམ་6དང་ཀོ་བའི་རྐུབ་སྟེགས་6ཉོས་པ་མ་ཟད། སྒོར་ཁྲི་30བཏང་ནས་སྨི་ངོས་གྲུ་80ཡོད་པའི་བཟོ་ཁང་ཞིག་བསྐྲུན་ནས་སྣང་རྫོང་ཀུ་ཀུ་ར་ཚེ་སྲོལ་རྒྱུན་བོད་ཆས་འཚེམ་བཟོ་ཆེད་ལས་ཞིང་འབྲོག་པའི་མཉམ་ལས་ཁང་བཙུགས་པ་རེད།
མཉམ་ལས་ཁང་བཙུགས་ཚུན་དུད་ཚང་དབུལ་པོ་དཔལ་ལགས་ཀྱིས་ལག་རྩལ་མ་འཇོག་གི་ཐབས་ལམ་ཐོག་ནས་མཉམ་ལས་ཁང་ལ་ཞུགས།
མི་རིགས་རྒྱན་གོས་རིག་གནས་ཡུན་རིང་དར་ཆེད། དཔལ་ལགས་ཀྱིས་སྐྱེམས་སྟོང་ཤང་གི་ཁོངས་ནས་དགེ་ཕྲུག་ཉར་བ་དང་དུད་ཚང་དབུལ་པོར་སྔོན་ལ་བསམ་བློ་བཏང་སྟེ། ཁོང་ཚོར་སྐྱེམས་སྟོང་གི་རྒྱན་གོས་བཟོ་སྟངས་བསླབས།
ཡུལ་མི་པ་སངས་ལྷ་མོས་སེམས་འགུལ་ཆེན་པོ་ཐེབས་བཞིན། མཉམ་ལས་ཁང་བཙུགས་པ་ལས་ང་ཚོས་རྒྱན་གོས་རིག་གནས་རྒྱུན་འཛིན་ཐུབ་པ་དང་ལག་རྩལ་སྦྱངས་ཐུབ་པ་མ་ཟད། དབུལ་སྒྲོལ་ཕྱུག་འགྱུར་ཡང་ཐུབ་སོང་ཞེས་བཤད། མཉམ་ལས་ཁང་ལ་ཁེ་སྤོགས་བྱུང་ཚུན་ཁེ་བཟང་ཚང་མ་དཔལ་ལགས་དང་། དགེ་ཕྲུག གྲོང་ཚོའི་མཉམ་སྡེབ། དུད་ཚང་དབུལ་པོ་བཅས་ལ་བགོ་བཤའ་ལུགས་མཐུན་རྒྱག་གི་ཡོད། དཔལ་ལགས་ཀྱི་ཟླ་རེའི་ཡོང་འབབ་སྒོར་4000དང་དགེ་ཕྲུག་ཚོའི་གླ་ཆ་ཕུད། གྲོང་ཚོའི་མཉམ་སྡེབ་ལ་ཟླ་རེར་འབབ་འཕར་སྒོར་10000ཡོད་པ་རེད།