དབུ་ཤོག>ཞིང་འབྲོག་གསར་པ།
  • ཚན་རྩལ་གྱི་གདིང་ཤུགས་ལ་བརྟེན་ནས་དམངས་ཀྱི་འཚོ་བ་བརྟན་པོ་ཡོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-01

    གཅིག རིམས་ནད་ཀྱིས་རྒྱལ་སྤྱིའི་འབྲུ་རིགས་བདེ་འཇགས་ལ་འཕྲད་པའི་གནད་དོན།

    གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་དེ་གོ་ལ་ཧྲིལ་པོར་ཁྱབ་ཚད་མྱུར་ཞིང་།རྒྱལ་ཁབ་དང་ས་ཁུལ་ཁག་གཅིག་གིས་དེའི་རྐྱེན་གྱིས་ཚོང་དོན་དོ་དམ་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་།རྒྱལ་སྤྱིའི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་རྒྱུན་གཏན་ལྟར་འཁོར་སྐྱོད་བྱ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་ཡོད།དོ་སྣང་བྱེད་དགོས་པ་ཞིག་ལ་དེའི་ཚོང་དོན་ཐེ་ཇུས་བྱ་ཐབས་དེ་ཉེ་དུས་སྨན་བཅོས་ཐོན་རྫས་ཞབས་ཞུ་ནས་ཞིང་ལས་ཐོན་རྫས་དང་ལྷག་པར་དུ་འབྲུ་རིགས་བར་སྣུར་བསྲིང་བྱས་ཡོད་པ་རེད།གནས་ཚུལ་སྤེལ་བར་གཞིགས་ན།རྒྱལ་སྤྱིའི་འབྲས་ཉོ་ཚོང་བྱེད་ཚད་ཀྱི15%བཟུང་བའི་ཝེ་ཐེ་ནམ(越南)དང་གྲོ་ཞིབ་གཙོ་བོ་ཕྱིར་གཏོང་མཁན་གྱིས་རྒྱལ་ཁབ་ཧ་སག་སི་ཐན(哈萨克斯坦) གཉིས་ཀྱིས་འབྲུ་དང་གྲོ་ཞིབ་ཕྱིར་གཏོང་མཚམས་འཇོག་བྱེད་རྒྱུའི་བཀག་རྒྱ་བཀྲམས་པ་རེད།འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྒྱལ་ཁབ་གཞན་དག་གིས་རྒྱལ་སྤྱིའི་ཚོང་དོན་སྲིད་ཇུས་ལ་ད་དུང་སྔར་བས་ལྟ་ཞིབ་བྱེད་དགོས་ཀྱང་རྒྱལ་སྤྱིའི་འབྲུ་རིགས་ཀྱི་རིན་གོང་མཐོ་རུ་ཕྱིན་ནས་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་ལ་འཕྲད་པའི་གནད་དོན་བརྟན་པོ་མེད་པ་ཞིག་རེད།

    ཟས་ནི་དམངས་ཀྱི་འཚོ་རྟེན་ཡིན།མི་འབོར་མང་ཞིང་འཕེལ་རྒྱས་འགྲོ་བཞིན་པའི་རང་རྒྱལ་འདི་ཉིད་ནི་དམངས་སེམས་གཅིག་ཏུ་སྒྲིལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་།སྤྱི་ཁྱབ་དམག་འཐབ།འགོག་རྒོལ་དམག་འཐབ་བཅས་

    ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་པ་དང་ཆབས་ཅིག་སྔར་བཞིན་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ནན་པོ་བྱས་ནས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་བཞིན་ཡོད།རང་རྒྱལ་གྱིས་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་བའི་གདིང་ཤུགས་དེ་འབྲུ་རིགས་ཀྱི་འཐབ་ཇུས་གྲབས་གསོག་འདང་ངེས་བྱས་པ་ལས་བྱུང་བ་མ་ཟད།ཞིང་ལས་ཚན་རྩལ་གྱི་དངོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་ལས་བྱུང་བ་ཞིག་ཀྱང་ཡིན།ལོ་མང་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།རང་རྒྱལ་གྱིས་རིམ་བཞིན་སྔོན་ཐོན་གྱི་དེང་རབས་ཞིང་ལས་ཚན་རྩལ་ཚོགས་པ་ཞིག་གཏོད་པ་དེའི་ནང་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་དང་།ཞིང་འཕྲུལ་ཚན་རྩལ།རྩི་ཤིང་སྲུང་སྐྱོང་གི་ཚན་རྩལ་སོགས་ཚུད་ཡོད།བྱང་སྐར་སྤུན་བདུན་ཕྱོགས་སྟོན་མ་ལག་དེ་ཞིང་ལས་ཐོན་སྐྱེད་ཕྱོགས་སུ་སྤྱོད་ཀྱི་ཡོད་པ་དང་ཆ་འཕྲིན་ལག་རྩལ་དང་ལྷག་དོན་དུ“དྲ་སྦྲེལ+”དང“རིག་ནུས+”ཞིང་ལས་ཁྱབ་ཁོངས་ནང་རྒྱུན་ཆད་མེད་པར་སིམ་འཛུལ་བྱས་པས་ཀྲུང་གོའི་སྲོལ་རྒྱུན་ཞིང་ལས་དེང་རབས་ཀྱི“རིག་ལྡན་ཞིང་ལས”ཕྱོགས་སུ་མྱུར་བར་འགྱུར་ལྡོག་འགྲོ་བཞིན་ཡོད།

    གཉིས། ཆུ་འབྲས་དང་སོན་གསོའི་ཚན་རྩལ་འདེབས་འཛུགས་ལས་རིགས་དེ་འཛམ་གླིང་གི་མདུན་གྲས་སུ་སླེབས་པ།

    2020ལོའི་ཟླ2ཚེས27ཉིན《རྒྱལ་ཁབ་ཀྱི་དེང་རབས་འདེབས་འཛུགས་ལས་རིགས་ཀྱི་འདུ་འགོད་རྣམ་གྲངས་འཁོར་སྐྱོད་དོ་དམ་བྱ་ཐབས(ཚོད་ལྟ་ལག་བསྟར)》དངོས་སུ་ཁྱབ་བསྒྲགས་བྱས་པ་དེ་ནི་རང་རྒྱལ་གྱིས་དེང་རབས་འདེབས་འཛུགས་ལས་རིགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་གསར་དུ་བཏོན་པའི་སྲིད་ཇུས་ཤིག་རེད།འདི་ལོའི“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”དང“ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་དེའི་ནང་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་ཐད་ཞིང་ལས་ཀྱི་སྐྱེ་དངོས་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་།འདེབས་འཛུགས་ལས་རིགས་ཀྱི་རང་བརྟེན་གསར་གཏོད་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ།རྒྱལ་ཁབ་ཀྱི་ཞིང་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་འདུ་འགོད་ལག་བསྟར་བྱེད་པ་བཅས་བྱས་ཏེ་ལྷོ་རྒྱུད་ཀྱི་ཚན་ཞིབ་སོན་གསོའི་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། རྒྱལ་ཁབ་ཀྱིས་ཞིང་ལས་རྩ་བར་འཛིན་པ་དང་།ཞིང་ལས་ཀྱིས་འདེབས་རྒྱུ་གཙོ་བོར་འཛིན་པ།ས་བོན་ནི་ཞིང་ལས་ཐོན་ལས་སྦྲེལ་ཐག་ཁྲོད་ཀྱི་འབྱུང་རྩ་ཡིན་པ་དང་། འདེབས་འཛུགས་ལས་རིགས་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོན་ལས་དང་འགག་རྩའི་གནས་ཤིག་ཡིན་པས་འདེབས་འཛུགས་ལས་རིགས་དེང་རབས་ཅན་མེད་ཚེ་ཞིང་ལས་དེང་རབས་ཅན་ཡོང་མི་སྲིད།

    འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་ནི་ཞིང་ལས་བརྟན་པོ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐད་ཀྱི་འབྱུང་ཁུངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་རིན་ཐང་ལ་ངོས་འཛིན་གཏིང་ཟབ་བྱུང་ནས་འབྲེལ་ཡོད་ལས་དོན་སྔ་བར་ཕྱི་གསུམ་དུ་དམིགས་བསལ་གྱི་གནས་བབ་གལ་ཆེན་ཞིག་ཏུ་བརྩིས་ནས་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

    གསུམ། རྒྱུད་འདྲེས་ཆུ་འབྲས་ལག་རྩལ་འཛམ་གླིང་གི་ཟིན་ཐོ་གསར་པ་གཏོད་པ།

    1997ལོའི་ཟླ10པར《རྩི་ཤིང་གི་ས་བོན་གསར་པ་སྲུང་སྐྱོང་སྲོལ་ཡིག》ལག་ལེན་བསྟར་བ་དང2000ལོའི་ཟླ7པ《ས་བོན་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་པ་དེས་ཐོག་ནས་ཀྲུང་གོའི་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་དེ་ཁྲིམས་སྐྱོང་ཅན་གྱི་འཁོར་ལམ་བརྒྱུད་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ནས་རྒྱལ་ཁབ་རིམ་པའི་འབྲུ་རིགས་སྐྱེ་དངོས་ཀྱི་ས་བོན་ཐོན་སྐྱེད་རྟེན་གཞི་གཙོ་བོ་སྟེ་ནུབ་བྱང་རྒྱུད་འདྲེས་མ་རྨོས་ལོ་ཏོག་གི་ས་བོན་ཐོན་སྐྱེད་རྟེན་གཞི་དང་།ལྷོ་ནུབ་རྒྱུད་འདྲེས་ཆུ་འབྲས་ཐོན་སྐྱེད་རྟེན་གཞི།ཧའེ་ནན་ལྷོ་རྒྱུད་ཀྱི་ཚན་ཞིབ་སོན་གཞི་བཅས་ཐོན་སྐྱེད་རྟེན་གཞི་ཁག་གསུམ་སྐྲུན་ཡོད།སོན་གསོའི་བྱ་ཐབས་ཐད་ཕུལ་བྱུང་ཞིང་ཁྱིམ་གྱི་སོན་རྒྱུད་གདམ་གསེས་བྱེད་པ་ནས་རྒྱུན་གཏན་གྱི་སོན་གསོའི་བར་དང་།རྒྱུད་འདྲེས་ལེགས་ཆ་ནས་སྐྱེ་དངོས་ལག་རྩལ་གྱི་སོན་གསོའི་བར་འཕེལ་རྒྱས་བྱུང་བ་མ་ཟད།DNAགནས་གཏན་འཁེལ་གདམ་གསེས་དང་།སོན་སྣ་གནས་གཏན་འཁེལ་ལེགས་བཅོས་བྱེད་པ་སོགས་འཛམ་གླིང་ཐོག་གི་སྔོན་ཐོན་ཆ་རྡུལ་སོན་གསོའི་ལག་རྩལ་ཆགས་ཡོད་པ་རེད།འབྲུ་རིགས་ལོ་ཏོག་གཙོ་བོའི་ཐད་རང་རྒྱལ་གྱི་ཆུ་འབྲས་དང་གྲོའི་སོན་གསོ་བྱེད་ཚད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་གྲལ་དུ་སླེབས་ཡོད།

    2018ལོའི་ཟླ10པར་ཆུ་འབྲས་མུའུ་རེའི་ཐོན་འབབ་ཀྱི་འཛམ་གླིང་ཟིན་ཐོ་གསར་པ་ཀྲུང་གོར་གཏོད་པ། ཡོན་ལུང་ཕིང་དང་དེའི་ཚོགས་པས་འདེབས་གསོ་བྱས་པའི“ཧུའུ་ནན་ཕུལ་བྱུང་གཉིས900འབྲས་སོན”“湘两优900”ལས་མུའུ་རེའི་ཐོན་འབབ་སྤྱི་རྒྱ1203.36ཟིན་ནས་ལོ་གསུམ་བསྟུད་མར་ཟིན་ཐོ་གསར་པ་བཏོད་པ་རེད།རྒྱུད་འདྲེས་ཆུ་འབྲས་འདེམས་གསོ་བྱེད་པ་དང་དུས་མཚུངས་ཡོན་ལུང་ཕིང་གིས་ཚོགས་པའི་སྣེ་ཁྲིད་དེ་ཉེ་བའི་ལོ་ཤས་རིང“ ཚྭ་བཟོད་ཆུ་འབྲས”འདེབས་གསོ་བྱ་རྒྱུར་གཞོལ་ནས་མུའུ་རེའི་ཐོན་ཚད་མཐོ་ཤོས་སྤྱི་རྒྱ800ལས་བརྒལ་ཡོད་པ་རེད། ཧྲན་ཏུང་ཆིང་ཏའོ་རུ་འཚོགས་པས་ཚྭ་བུལ་ས་ཞིང་མུའུ་ཁྲི་ཡི་དཔེ་སྟོན་རྟེན་གཞི་ལེགས་སྒྱུར་བྱེད་འགོ་ཚུགས་པའི་མཛད་སྒོའི་ཐོག་ཡོན་ལུང་ཕིང་གི“མཚོ་འབྲས”ཞིབ་འཇུག་གསར་སྤེལ་ཚོགས་པའི་ཁོངས་མིས2020ལོར་སླེབས་སྐབས་ཚོགས་པའི་དཔེ་སྟོན་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི100ཟིན་རྒྱུ་རེད།“ཆུ་འབྲས་ཀྱི་ཐོན་འབབ་མཐོ་བ་དང་སྤུས་ལེགས་ཀྱི་ངོ་བོ་དང་གཟུགས་དབྱིབས་ལས་གྲུབ་པའི་ཆ་རྡུལ་གྱི་འབྱུང་རྩ་དང་དེ་བཞིན་ས་བོན་ཇུས་འགོད”ལ་བརྟེན་ནས2017ལོར་ཁོང་ལ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་ཨང་དང་པོ་ཐོབ་ཅིང་།འདེབས་གསོ་བྱས་པའི་ཆུ་འབྲས་ཀྱི་སྣ་ཁ“ཅཱ་ཡིའུ་ཀྲུང་ཁོའོ་ཨང་དང་པོ”“嘉优中科1号”སྟེ2019ལོར་མུའུ་རེའི་ཐོན་འབབ་མཐོ་ཤོས་སྤྱི་རྒྱ1089.7ཟིན་ཡོད་པ་རེད། །

    ལྗོངས་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་སོའི་བློ་བཟང་ཚེ་རིང་གིས་སྒྱུར་ཞུས་བྱས)

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།