ཉེ་བའི་ལོའི་ནང་། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས“དམངས་ཆེད་གཏོང་སྤྲོད”ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་པའི་ཁར། བརྟག་ཞིབ་གཏིང་ཟབ་དང་། ཚན་རིག་དང་མཐུན་པའི་གཏན་འཁེལ། གནད་སྨིན་ཇུས་འདོན་བཅས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གཏོང་སྤྲོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་དངུལ་རྩའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
ཞིང་འབྲོག་ཁུལ་གྱི་རྨང་གཞིའི་དངུལ་རྩའི་ཞབས་ཞུར་འབོར་ཚད་ནས་སྤུས་ཚད་བར་གྱི་མཆོང་སྐྱོད་ཡོང་བར་བྱས་ཤིང་། ཐོན་ཁུངས་བསྡུ་སྒྲིལ་བྱེད་སྟངས་ལེགས་སུ་གཏོང་བ་དང་། སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྐྱོར་ས་ཚིགས་ཀྱི་རིམ་དཔྱད་སྐར་དཔྱད་ལམ་སྲོལ་བཟོ་བ། ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་དངུལ་རྩའི་ཞབས་ཞུ་སྒྲུབ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་འདི་ལོ་ཞིང་སྐྱོར་དངུལ་ལེན་ཚད་དང་ཉོ་ཚོང་གྲངས་འབོར་གཉིས་ཀ་འཕར་བ་བྱ་རྒྱུ་རེད། འདི་ལོའི་ཟླ་3ཚེས་31ཉིན་བར། ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཞིང་སྐྱོར་དངུལ་ལེན་ས་ཚིགས་1173དང་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་8བསྐྲུན་ཡོད།
ཞིང་སྐྱོར་དངུལ་ལེན་ས་ཚིགས་དང་དྲ་ཐོག་ཚོང་དོན་མཉམ་འདྲེས་གང་ལེགས་ཐུབ་ཅིང་། ཞིང་སྐྱོར་དྲ་ཐོག་ཚོང་དོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཆབ་མདོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དྲ་ཐོག་ནས་ཕྱིར་འཚོང་བྱེད་པའི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་དང་། ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད། དུས་མཚུངས་སུ་2020ལོར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ཐོན་རྫས་བྲིན་ཁ་མ་རྒྱུག་པའི་ཕྲན་ཚེགས་ཁེ་ལས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་ཡོད།