ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། ཕུགས་ཕན་གྱི་ཐབས་ཇུས་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་གསེབ་ཀྱི་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་དང་། བྱེད་ཐབས་དང་། གཞི་རྟེན། ནང་དོན་བཅས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་གསར་གཏོད་བྱས་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་དང་། ཤེས་དཔལ་གྱི་སྲོལ་གསར་དར་སྤེལ། སྤྱི་ཚོགས་ཞི་མཐུན་བཅས་ལ་སྐུལ་འདེད་བཏང་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་དང་དྲ་མིག་ཅན་གྱི་དོ་དམ་སྣུར་སྲིང་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་ཞིང་། མིག་སྔར་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྦྱོང་ལྟེ་གནས་6དང་། ཤང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་204 གྲོང་ཚོ་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་323བཅས་བསྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། “སྲུང་སྐྱོང་བཞིའི”དཔུང་ཁག་དང“གཉིས་ལྡན་དུད་སྦྲེལ”སོགས་རྣམ་པ་སྣ་ཚོགས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ཚོར་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་ཆེད། སྟོབས་དང་ལྡན་པའི་མི་དམངས་ཀྱི་རྒྱབ་རྟེན་དང་རྫོགས་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་མཁོ་འདོན་བྱས་ཡོད།