དབུ་ཤོག>ཞིང་འབྲོག་གསར་པ།
  • ཡུལ་བབ་ལེགས་པར་སྤྱད། ཕུགས་འདུན་དོན་གཉེར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-19

    ཉེ་དུས། གསར་འགོད་པ་མལ་གྲོ་གུང་དཀར་རྫོང་ཀ་ཚལ་ཁུལ་གསར་དུ་གནས་པའི་གསར་གཏོད་ལས་གཏོད་ཀྱི་སྐྱོང་གསོ་རྟེན་གཞིར་བསྐྱོད་པ་ཡིན། 1992ལོར་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་རྩ་ཞོལ་གྲོང་ཚོར་སྐྱེས་པའི་ཁང་གསར་ཚེ་ཐར་ནི་ཀོག་ཧྥེ་ཁང་ཞིག་གི་སྦྱིན་བདག་རེད་ལ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་གྲྭ་ཆེ་མོ་བ་ཞིག་ཀྱང་རེད། 2012ལོར་ཁང་གསར་ཚེ་ཐར་གྱིས་བོད་ལྗོངས་ཁང་གསར་ལས་རིགས་ཚད་ཡོད་ཀུང་སི་བཙུགས་ཏེ“སྒྱུ་རྩལ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད་རྒྱུ”ཕུགས་འདུན་ལ་བརྩིས་ཏེ་སྒྱུ་རྩལ་གྱི་ས་ཁང་དང་། སྒྱུ་རྩལ་སློབ་གསོ། སྒྱུ་རྩལ་གྱི་དར་བཟོ་ཆེ་བའི་གྱོན་གོས་བཅས་གཅིག་ཏུ་བསྡུས་ནས། རི་བོ་ཧི་མ་ལ་ཡ་སྐོར་བའི་སྒྱུ་རྩལ་བརྒྱུད་སྤེལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་གཞོལ་ཡོད། ད་ཆ་ཀུང་སི་བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པའི་ཚན་པ་ཞིག་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་འབྲི་གུང་འཚེམ་དྲུབ་ཐང་གའི་ཁྲིད་སྦྱོང་རྟེན་གཞིར་འཕེལ་རྒྱས་ཕྱིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་ནང་། མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”དང་ལས་ཞུགས་ལས་གཏོད་ལས་ཀའི་སྐོར་གྱི་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ། མཐོ་སློབ་སློབ་ཐོན་སློབ་མ་ལས་གཏོད་ནང་ཧུར་ཐག་ཞུགས་རྒྱུའི་ལྕག་སྐུལ་བྱས་པ་དང་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ལས་གཏོད་ཀྱི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ། ལས་སྟེགས་བཏོད་པ་དང་ཐབས་ལམ་ཤར་གཏོང་ཐུབ་པ། སྲིད་ཇུས་ཀྱི་ཕན་པ་དེ་བས་ཆེ་བ་ཐོབ་པ་བཅས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མས་ལས་གཏོད་བྱ་རྒྱུར་རོགས་རམ་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མའི“གཉིས་གཏོད”ལས་དོན་ལ་སྔར་བས་སྐུལ་འདེད་བཏང་བས་རྫོང་ཡོངས་ཀྱི་གོང་འོག་ཚང་མའི་གསར་གཏོད་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་ནས“གཉིས་གཏོད”ལས་དོན་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་རེད།

    མིག་སྔར། མལ་གྲོ་གུང་དཀར་རྫོང་གིས་ལས་གཏོད་སློབ་གྲྭ་ཆེ་མོ་བར་སྨི་ངོས་གྲུ་7000ལྷག་ཙམ་གྱི་ས་ཆ་དང་། གཞུང་ལས་སྒྲིག་ཆས། རྨང་གཞིའི་སྒྲིག་བཀོད་ཁག་གཅིག་བཅས་མཁོ་འདོན་བྱས་པ་དང་ཚང་མ་རིན་མེད་ངང་སྤྱོད་ཆོག་པ་མ་ཟད། གློག་རིན་དང་ཆུ་རིན་ཡང་དགོས་ཀྱི་མེད། ཡོངས་བསྒྲགས་ངང་སུས་འཇོན་དེ་འགུགས་དང་ཡུལ་དེ་གའི་སློབ་གྲྭ་ཆེ་མོ་བས་ལས་གཏོད་བྱས་པའི་དཔེ་མཚོན་ཁེ་ལས་བོད་ལྗོངས་ཁང་གསར་ལས་རིགས་ཚད་ཡོད་ཀུང་སི་འདི་ཉིད་ཕུང་གསུམ་པའི་གཉེར་སྐྱོང་ཚན་པ་ཞིག་ཡིན་པའི་ངོས་ནས་མལ་གྲོ་གུང་དཀར་རྫོང་གི་གསར་གཏོད་ལས་གཏོད་ཀྱི་སྐྱོང་གསོ་རྟེན་གཞིའི་གཉེར་སྐྱོང་ལས་དོན་ཧྲིལ་པོའི་འགན་ཁུར་གྱི་ཡོད་པ་རེད། ཀུང་སི་དེས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ལས་ཞུགས་དེ་ཞབས་འདེགས་ཞུ་ཡུལ་གཙོ་བོར་བརྩིས་ཏེ། གསར་གཏོད་ལས་གཏོད་བྱ་ཡུལ་དང་། གཞུང་ལས་ཀྱི་སྒྲིག་ཆས། ཞག་སྡོད་བྱ་ཡུལ། ཆུ་གློག་དྲ་སོགས་རྨང་གཞིའི་སྒྲིག་བཀོད་མཁོ་འདོན་བྱས་པ་དང་ཆབས་ཅིག ལས་ཞུགས་ཀྱི་ཁ་གསབ་དང་མ་དངུལ་བཀོལ་སྤྱོད་སོགས་འབྲེལ་ཡོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་སྦྲེལ་མཐུད་བྱེད་པ་དང་། ལས་གཏོད་གསར་གཏོད་སྐོར་གྱི་སྲིད་ཇུས་གསལ་འགྲེལ་དང་། “གཉིས་གཏོད”སྒྲོག་འགྲེལ། ལས་གནས་དང་ཁེ་ལས་ལ་གསོ་སྦྱོང་། ལས་མི་བསྡུ་བ། ལས་གཏོད་ཟུར་ཁྲིད། སྤུས་རྟགས་འཆར་འགོད་བཅས་དང་དེ་བཞིན་ཤེས་བྱའི་བདག་དབང་ཐོ་འགོད་དང་། ཐོན་རྫས་ཇུས་འགོད། ཁྱབ་གདལ་ཕྱིར་ཚོང་སོགས་ཀྱི་ཞབས་ཞུ་བསྒྲུབས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མལ་གྲོ་གུང་དཀར་རྫོང་གསར་གཏོད་ལས་གཏོད་ཀྱི་སྐྱོང་གསོ་རྟེན་གཞིས“མི་རིགས་ཀྱི་ལག་ཤེས+དྲ་ཐོག་ཚོང་དོན+ཚན་རྩལ་གྱི་བྱེད་ཐབས”བཅས་ལ་བརྟེན་ནས། ཡུལ་དེའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་དང་། མཉམ་ལས་ཁང་། དམངས་གཉེར་ཁེ་ལས་བཅས་དང་དེ་བཞིན་ཚོང་འགུགས་མ་འདྲེན་གྱི་ཁེ་ལས་འགའ་ཞིག་གཅིག་ཏུ་བསྡུ་བ་དང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས། དམངས་ཀྱིས་བྱ་གཞག་གཏོད་པ་དང་མཉམ་འདྲེས་བཅས་བྱས་ནས་འབབ་འཕར་ལས་ཞུགས་ལ་གཞོལ་ཡོད། མིག་སྔའི་བར། མལ་གྲོ་གུང་དཀར་རྫོང་གསར་གཏོད་ལས་གཏོད་ཀྱི་སྐྱོང་གསོ་རྟེན་གཞིས་རིམ་རྩིས་བྱས་ན། མཐོ་སློབ་སློབ་ཐོན་སློབ་མ་100ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པའི་ཁྲོད། ཐེམ་ཁུངས་མལ་གྲོ་གུང་དཀར་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་16དང་མི་15དབུལ་སྐྱོར་ཕྱོགས་སྒྱུར་གྱིས་ལས་ཞུགས་ཐུབ་པར་བྱས་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།