དབུ་ཤོག>ཞིང་འབྲོག་གསར་པ།
  • ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-17

    རྩོམ་སྒྲིག་པའི་སྦྲགས་མཆན།

    སྤྱི་ལོ་2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་རྒྱལ་ཁའི་ངང་མཇུག་བསྡུ་བའི་ལོ་ཞིག་རེད་ལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་གསོ་ལག་ལེན་བྱེད་སྒོ་རྒྱ་སྐྱེད་གཏིང་ཟབ་དང་། སྲ་བརྟན་མཐོར་གཏོང་ངང་སྤེལ་བའི་ལོ་ཞིག་ཀྱང་རེད། དེར་བརྟེན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་གསོ་ལག་ལེན་བྱེད་སྒོ་དོན་དངོས་དང་། གཏིང་ཟབ་ཕྱོགས་སུ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཏང་གི་སྲོག་ཤིང་ལ་དེ་བས་དགའ་ཞེན་དང་། ཏང་གི་རིགས་པའི་གཞུང་ལུགས་ལ་དེ་བས་ཡིད་ཆེས། ཏང་གི་བཀའ་དྲིན་ལ་དེ་བས་བསམ་ཤེས་ཐུབ་པ་བཅས་ཡོང་ཆེད། དེ་རིང་ནས་བཟུང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”འབྲེལ་ཡོད་ཤེས་བྱ་འགོད་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དོ་ཁུར་ཡོད་པ་ཞུ།

    ཀྲུང་གོ་གུང་ཁྲན་ཏང་ནི་རླབས་ཆེན་དང་གཟི་བརྗིད། ཡང་དག་པ་བཅས་ཀྱི་ཏང་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་ཞུ་བ་དང་མི་དམངས་ཀྱིས་དགའ་བསུ་ཞུ་བའི་ངོ་གནོང་མི་དགོས་པའི་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཕྱོགས་སྟོན་པ་དང་མི་དམངས་ཀྱི་སྣེ་ཁྲིད་མཁན་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་བའི་གྲུབ་འབྲས་གསར་ཤོས་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུཌ། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་རེད། དེར་བརྟེན། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་གུས་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱས་ཏེ། དུས་ནམ་ཡང་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་མཁན་སྤྱི་དམངས་ཡག་པོ་ཞིག་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།