དབུ་ཤོག>ཞིང་འབྲོག་གསར་པ།
  • མངའ་རིས་ས་ཁུལ་གྱིས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་སྟེ་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-17

    ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཧུར་ཐག་བྱས་ནས་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་གཏོད་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་འབབ་འཕར་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྣམ་གྲངས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་བ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱིས་གངས་ཏི་སི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་བསྐྲུན་རྒྱུར་དམིགས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། སྤྲོ་གསེང་ཡུལ་སྐོར་ལ་གཙོ་གནད་ཐོག་དམིགས་པ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། རྩེར་སོན་གྱི་ཡུལ་སྐོར་ལམ་ཐིག་གསར་སྤེལ་བྱེད་པ། སྤུས་ཚད་མཐོ་བ་དང་ཁྱད་ཆོས་འབུར་དུ་ཐོན་པའི་རྩེར་སོན་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་བསྐྲུན་པ་མ་ཟད། མི་འབོར་དབུལ་པོར་ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་གཏོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

    མིག་སྔའི་བར་མངའ་རིས་ས་ཁུལ་གྱིས་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རྣམ་གྲངས་8ལག་བསྟར་བྱས་པར་རགས་རྩིས་བྱས་ན་བསྡོམས་མ་དངུལ་སྒོར་ཁྲི་13110.64བཏང་བ་ཚང་མ་དམིགས་སར་འབྱོར་བ་དང་མ་དངུལ་སྒོར་ཁྲི་12230.26བཏང་ནས་རྣམ་གྲངས་8ལེགས་གྲུབ་ཟིན་པར་རྣམ་གྲངས་4ལས་གཉེར་བྱེད་འགོ་ཚུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།