དབུ་ཤོག>ཞིང་འབྲོག་གསར་པ།
  • གསལ་འགྲེལ། 《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-15

    གསལ་འགྲེལ་དང་པོ།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཞིང་པ་ལས་མིར་དུས་ཐོག་དང་གྲངས་ཚང་ངང་གླ་ཆ་ལེན་རྒྱུ་ཡོང་བའི་འགན་ལེན་བྱ་ཆེད། 《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》(《སྲོལ་ཡིག》ཅེས་བསྡུ་རྒྱུ)ནང་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། གླ་ཆ་གཏོང་སྤྲོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། གླ་ཆ་གཙང་འཇལ་གྱི་འགན་འཁྲི་ཁ་གསལ་བཟོ་བ། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྲིག་བྱ་ཐབས་ཞིབ་ཕྲ་བཟོ་བ། ལྟ་འདོམས་བྱ་ཐབས་ལ་ཤུཌ་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་བྱེད་པར་གཏན་འབེབས་ཁ་གསལ་བཟོས་ཡོད།

    མི་སྤྱོད་ཚན་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་ཁ་གསལ་བཟོས་པ།

    ཁྲོམ་རའི་བྱེད་པོས་འགན་འཁྲི་འཁུར་བ་དང་། སྲིད་གཞུང་གིས་ཁྲིམས་ལྟར་ལྟ་འདོམས། སྤྱི་ཚོགས་ཀྱིས་མཐུན་སྦྱོར་ལྟ་འདོམས་བཅས་མཐའ་འཁྱོངས་དང་། ས་གནས་མི་དམངས་སྲིད་གཞུང་དང་དེ་བཞིན་དེའི་མི་སྤྱི་དང་། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། འཕེལ་སྒྱུར། ནོར་སྲིད། སྤྱི་བདེ་སོགས་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་ནན་དུ་གཏོང་བ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་སྐྱོན་ལྷན་ཚོགས་བཅས་དང་དེ་བཞིན་གསར་འགྱུར་སྨྱན་སྦྱོར་གྱི་ནུས་པ་བཏོན་ཏེ་ཐེར་འདོན་གོང་ཞུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་མཉམ་བཅོས་བྱེད་དགོས་ལུགས་བཏོན་ཡོད།

    གླ་ཆ་གཏོང་སྤྲོད་ཀྱི་བྱ་སྤྱོད་ཚད་ལྡན་བཟོས་ཏེ་འབྱུང་རྩ་ནས་བཅོས་སྒྲིག་མཐའ་འཁྱོངས་བྱས་པ།

    དངུལ་ཁང་ནས་དངུལ་སྒྱུར་བའམ་ཡང་ན་དངུལ་སྨར་སྤྲོད་དགོས་པ་ལས། དངོས་པོའམ་ཡང་ན་འཛིན་ལོར་སོཌ་གཞན་དག་གིས་ཚབ་བྱེད་མི་ཆོག མི་སྤྱོད་ཚན་པར་གླ་ཆ་གཏོང་སྤྲོད་ཀྱི་དུས་ཡུན་དང་གླ་ཆ་སྤྲོད་པའི་ཞིབ་ཕྲའི་དུས་ཚོད་གཞིར་བཟུང་གླ་ཆ་གྲངས་ཚང་ངང་སྤྲོད་དགོས་པ་དང་། གླ་ཆ་གཏོང་སྤྲོད་ཀྱི་ཡིག་ཐོག་རྩིས་ཐོ་བཟོས་ནས་ཉུང་མཐར་ཡང་ལོ་3ཉར་ཚགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    གླ་ཆ་གཙང་འཇལ་གྱི་འགན་འཁྲི་ཁ་གསལ་བཟོས་ཏེ་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱས་པ།

    མི་སྤྱོད་ཚན་པ་གླ་ཆ་གཙང་འཇལ་གྱི་འགན་འཁྲིའི་བྱེད་པོ་ཡིན་པ་གཏན་འཁེལ་བྱས་པའི་རྨང་གཞིའི་ཐོག ཁྲིམས་མཐུན་གཉེར་སྐྱོང་གི་འོས་ཐོབ་མེད་པའི་ཚན་པས་ཞིང་པ་ལས་མི་བསྡུས་པ་དང་། ཁྲིམས་ལས་འགལ་ནས་ཕྱིར་སློག་པའི་ཞིང་པ་ལས་མི་སྤྱད་པ། ལས་འགན་འགན་གཙང་སྤྲད་པ་སོགས་དམིགས་བསལ་གནས་ཚུལ་འོག་གི་གླ་ཆ་གཙང་འཇལ་གྱི་འགན་འཁྲི་ཁ་གསལ་བཟོས་ཡོད། སྲིད་གཞུང་གིས་མ་རྩ་བཏང་བའི་རྣམ་གྲངས་ལ་མཁོ་བའི་མ་དངུལ་རྣམས་ངེས་པར་དུ་དོན་འཁྱོལ་བྱེད་དགོས་པ་ལས། ཨར་སྐྲུན་ཚན་པས་མ་དངུལ་སྔ་འདོན་གྱིས་འཛུགས་སྐྲུན་བྱེད་མི་ཆོག་པ་གཏན་འབེབས་བྱས་ཡོད། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ཐོན་སའི་ས་གནས་ཀྱིས་གནས་ཚུལ་ལ་གཞིགས་ནས་སྲིད་གཞུང་དང་སྡེ་ཚན་གྱི་འགན་འཁུར་བ་སྐོང་འདྲི་བྱེད་དགོས་པ་དང་གནས་ཚུལ་ཚབས་ཆེ་བར་ཆད་པ་གཅོད་དགོས་པ་གཏན་འབེབས་བྱས་ཡོད།

    ལས་གྲྭ་འཛུཌ་སྐྲུན་ཁྱབ་ཁོངས་ལ་དམིགས་ཏེ་དམིགས་བསལ་གཏན་འབེབས་ཞིབ་ཚགས་སུ་བཏང་བ།

    ལས་གྲྭའི་མ་དངུལ་གཏོང་སྤྲོད་ཀྱི་ཁག་ཐེག་དང་། ལས་མིའི་གླ་ཆ་དང་ཨར་ལས་མ་དངུལ་ལོགས་སུ་དབྱེ་བ། གླ་ཆའི་ཆེད་སྤྱོད་རྩིས་ཁྲ། མིང་ངོ་མ་འགོད་པའི་ལམ་ལུགས། ཨར་ལས་ཀྱི་སྤྱིའི་འགན་གཙང་ཚན་པས་གླ་ཆ་ཚབ་སྤྲོད། གླ་ཆའི་ཁག་ཐེག་དངུལ་སོགས་ཀྱི་ལམ་ལུགས་གཏན་འབེབས་བྱས་ཡོད།

    ལྟ་འདོམས་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་གླ་ཕོགས་གཏོང་སྤྲོད་ལ་འགན་ལེན་བྱས་པ།

    འབྲེལ་ཡོད་སྡེ་ཚན་གྱི་ལྟ་འདོམས་དང་ཞིབ་བཤེར་གྱི་དབང་ཆ་ཁ་གསལ་བཟོས་པ་དང་། མི་སྤྱིའི་སྲིད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པའི་དངུལ་རྩའི་རྩིས་ཐོ་དང་། ཁང་པའི་བདག་དབང་། འཁོར་རིགས་སོགས་ཀྱི་གནས་ཚུལ་འདྲི་རྩད་བྱེད་ཆོག མི་སྤྱོད་ཚན་པར་ངལ་རྩོལ་འགན་སྲུང་དང་ཁྲིམས་སྲུང་ཡིད་རྟོན་ཡིག་ཚགས་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་དང་ཁ་དན་ཚིག་ལ་མ་གནས་མཁན་ལ་མཉམ་དུ་ཆད་པ་གཅོད་པའི་ལམ་ལུགས་བཟོས་ནས་སྲོལ་ཡིག་འདི་ལས་འགལ་བའི་བྱེད་སྤྱོད་ཐོན་ཕྱིན་དེ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་ཀྱི་ཡོད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།