དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-13

    ཉིན་ཤས་བསྟུད་མར། སྣ་དཀར་རྩེ་རྫོང་གིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་ཤང་དང་གྲོང་རྡལ་དང་། གྲོང་ཚོ(གྲོང་ལྷན) དགོན་སྡེ་དོ་དམ་ཨུ་ལྷན་སོགས་སུ་བསྐྱོད་དེ་ན་ནིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་སྙན་སེང་ཉན་པ་དང་། བཞུགས་མོལ་སྤེལ་རེས་བྱེད་པ། དཔྱད་གཞིའི་ཡིག་རིགས་ལྟ་ཀློག་བྱེད་པ། ས་གནས་ས་ཐོག་ཏུ་བདེན་མིན་ཞིབ་དཔྱད་བྱེད་པ། དུད་ཚང་དུ་ཞིབ་དཔྱད་བྱེད་པར་སྐྱོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མ་དངུལ་གཏོང་སྤྲོད་དང་། འགན་བཅོལ་ཐོ་འགོད། རྫུས་ལེན་དང་བསྐྱར་ལེན་གྱི་གནས་ཚུལ་ཡོད་མེད་སོགས་གཙོ་གནད་དུ་བཟུང་ནས་ཤེས་རྟོགས་བྱས་པ་རེད། ན་ནིང་རྫོང་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཁྱོན་3309ལ་རྒན་གསོའི་དངུལ་སྒོར་ཁྲི་748.26སྤྲད་ཅིང་། “དམངས་སེམས་འདུ་འགོད་ཆེན་པོ་བཅུ”ཡི་ཚད་གཞི་མཐོར་གཏོང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་116.37སྤྲད་པ་དང་། ཕུ་མ་བྱང་ཐང་ཤང་དང་སྟག་ལུང་གྲོང་རྡལ་འཐུས་གྲོང་ཚོའི་ལོ་50ནས་59བར་གྱི་མི་115ལ་རྒན་གསོའི་དངུལ་སྒོར་ཁྲི་18.6སྤྲད་ཡོད། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཡུལ་དངོས་སུ་བཏོན་པ་མ་ཟད་དག་ཐེར་གྱི་བསམ་འཆར་ཡང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།