
གཙོ་གནད་ལས་གྲྭའི་རྣམ་གྲངས་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་ཐུབ་པ་བྱ་ཆེད། རང་ལྗོངས་ཀྱིས་རིམས་འགོག་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་སྐོང་རྒྱུ་ལས་ཀའི་འགོ་འཛུགས་སར་བྱེད་པ། དེ་བས་རྒྱ་ཆེ་བའི་མཐོང་རྒྱ་དང་དེ་བས་མཐོ་བའི་ཚད་གཞིའི་ཐོག་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལས་འགོ་བསྐྱར་འཛུགས་ཀྱི་འཕེལ་རིམ་ནུས་ལྡན་ངང་མགྱོགས་སུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ཆ་རྐྱེན་མཁོ་འདོན་བྱས་ཤིང་། འདི་ནི་ལྷ་ས་གོང་དཀར་གནམ་ཐང་གི་མགྱོགས་ལམ་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་ཡིན་པ།