དབུ་ཤོག>ཞིང་འབྲོག་གསར་པ།
  • སྣང་རྫོང་གི་གྲོང་གསེབ་གཞུང་ལམ་ཚང་མར་བདེ་བགྲོད་ཡིག་ཚགས་བཟོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-19

    “གཞུང་ལམ་ཡག་པོ་བཞིའི་གྲོང་གསེབ”ཀྱི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གཏོད་པའི་གྲུབ་འབྲས་སྔར་བས་བརྟན་དུ་གཏོང་ཆེད། སྣང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་དོན་དངོས་ལ་གཞི་ཚུགས་པ་དང་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་ཉམས་གསོའི་ལམ་སྲོལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་གྲོང་གསེབ་གཞུང་ལམ་གྱི“ལམ་རེ་ལ་ཡིག་ཚགས་རེའི”ལས་ཀའི་རྨང་གཞིའི་ཡིག་ཚགས་བཟོས་པ་དེས་གྲོང་གསེབ་གཞུང་ལམ་ལ་དོ་དམ་ཚད་ལྡན་ཐུབ་ཡོད།

    འདི་ལོ་ནས་བཟུང་སྣང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྔ་རྗེས་སུ་ལས་དོན་པ་མི་ཐེངས་45སྒྲིག་འཛུགས་དང་རླངས་འཁོར་ཐེངས་20ལྷག་ཙམ་བཀོད་སྒྲིག་བྱས་ཏེ་རྫོང་ཡོངས་ཀྱི་ལམ་ཐག་སྤྱི་ལེ་502.8ཟིན་པའི་གྲོང་གསེབ་ཀྱི་གཞུང་ལམ་94ཡི་གནས་ཚུལ་ཞིབ་ཕྲ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་པ་དང་། རིམ་པ་དང་རིགས་ཕྱེ་ནས་གྲོང་གསེབ་གཞུང་ལམ་གྱི་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་ཡོད། ལམ་དུམ་རེ་རེའི་རིང་ཚད་དང་། བདག་སྐྱོང་བ། ལམ་ཟུར་གྱི་འགྲིམ་འགྲུལ་སྒྲིག་ཆས་སོགས་ཀྱི་ཆ་འཕྲིན་ཞིབ་ཕྲ་ཐོ་འགོད་བྱས་པས“ལམ་རེ་ལ་ཡིག་ཚགས་རེའི”གྲངས་གཞིའི་མཛོད་གྲུབ་པ་དང་གྲོང་གསེབ་གཞུང་ལམ་ཚང་མར“བདེ་བགྲོད་ཡིག་ཚགས”བཟོས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།