དབུ་ཤོག>ཞིང་འབྲོག་གསར་པ།
  • སྣ་དཀར་རྩེ་རྫོང་གིས་རྫོང་ཁོངས་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-17

    ཉིན་ཤས་གོང་གསར་འགོད་པར་སྣ་དཀར་རྩེ་རྫོང་ཨུད་དཔལ་འབྱོར་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་རྫོང་དེས་མུ་མཐུད་རྫོང་ཁོངས་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོཌ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    རྫོང་དེས་ཉེ་འཁོར་རྫོང་ཆུས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་དང་། སྤྱི་པའི་ཞབས་ཞུ་མཁོ་སྤྲོད། ལེགས་ཆའི་ཐོན་ལས་གཏོད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས་དབུལ་པོ་བསྐྱར་ལོག་དང་མི་འབོར་དབུལ་པོ་གསར་པ་ཐོན་པར་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ཞིང་། ཉེན་ཁར་འགོག་ཟོན་དང་ཉེན་ཁ་སེལ་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། སྲིད་གཞུང་གི་བུ་ལོན་ཉེན་ཁར་འགོག་ཟོན་བྱ་རྒྱུར་གཙིཌ་ཆེན་བྱས་ནས་སྲིད་གཞུང་གི་མངོན་མེད་བུ་ལོན་གསར་པ་མི་འཕར་བ་དང་བུ་ལོན་གྱི་ཉེན་ཁར་ཚོད་འཛིན་བྱ་རྒྱུ་རེད། སྤྱི་ཚོགས་བརྟན་ལྷིང་གི་མཐའ་ཚད་བརྟན་པོར་བསྲུངས་ནས་ནག་སེལ་གཤེད་བཅོམ་དང་། ཡིག་སྐུར་ངོ་བཅར་དང་བརྟན་ལྷིང་སྲུང་སྐྱོང་། བདེ་འཇཌ་ཐོན་སྐྱེད། བཟའ་བཅའ་དང་སྨན་རྫས་དོ་དམ། འབྲུབ་འགོག་ཐན་འགོག འཕྲལ་སྒྲུབ་ཐག་གཅོད་སོགས་རིགས་ཁག་གི་ཉེན་ཁ་འགོག་ཟོན་དང་སེལ་རྒྱུར་དམ་འཛིན་བྱེད་རྒྱུ་མ་ཟད། “དྲ་སྦྲེལ+སྨན་བཅོས་བདེ་ཐང”བྱེད་ཐབས་ཁྱབ་གདལ་བཏང་སྟེ། རྫོང་དང་། ཤང་། གྲོང་ཚོ་བཅས་གཞི་གཅིག་ཅན་གྱི་ནད་ཆེན་སྤྱི་འདོམས་དང“རྫོང་ཁོངས་སྨན་བཅོས་གཅིག་མཐུན་འདུས་གྲུབ”འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཐོན་ཁུངས་བསྡུ་སྒྲིལ་ལ་ཤུཌ་སྣོན་བརྒྱབ་ནས་སྣེ་འདྲེན་ཐོན་ལས་སྐྱེད་སྲིང་དང་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཏེ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་གསར་པ་གཏོད་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།