དཔྱིད་དུས་འཆར་བ་དང་བསྟུན་ནས་གནམ་གཤིས་ཀྱང་རིམ་བཞིན་དྲོ་རུ་ཕྱིན་ལ། གྲོ་མོ་རྫོང་དུད་སྣ་ཤང་མདོ་ཆེན་གྲོང་ཚོའི་ས་མཐོའི་སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་སྣ་ཚོགས་སྐྱེ་འཚར་ཧ་ཅང་ལེཌ་ལ། ཡུལ་མི་ལ་ལས་རྩྭ་ངན་འཐུ་བ་དང་། ལ་ལས་སྔོ་ཚལ་འཐུས་ནས་ཚང་མ་ལས་ལ་བྲེལ་བཞིན་མཆིས།
མདོ་ཆེན་གྲོང་ཚོར་གནམ་གཤིས་ཀྱི་ཆ་རྐྱེན་སྡུག་ལ་ཐོན་ལས་ཀྱི་རྨང་གཞི་ཞན་པས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེན་པོ་མེད། མང་ཚོགས་ཀྱི་ཡོང་འབབ་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་ཆེད། 2017ལོར། གྲོ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་961བཏང་ནས་མདོ་ཆེན་གྲོང་ཚོའི་ས་མཐོའི་སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་བཙུགས་པ་དང་སྦྲགས། པ་སྣམ་རྫོང་ནས་སྔོ་ཚལ་འདེབས་འཛུགས་ལག་རྩལ་མཛུབ་ཁྲིད་པ་གདན་དྲངས་ཏེ་ས་གནས་ས་ཐོག་ཏུ་གསོ་སྦྱོང་དང་མཛུབ་ཁྲིད་བྱས་པ་རེད།
གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐུལ་ཁྲིད་འོག་གྲོང་ཚོ་ཡོངས་ཀྱི་ཡུལ་མི་དུད་ཚང་57མཉམ་ལས་ཁང(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་11ཡོད་པ)ནང་ཞུགས་པ་རེད། ལོ་གཉིས་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད། 2019ལོར་མཉམ་ལས་ཁང་གི་སྔོ་ཚལ་ཐོན་ཚད་ཏུན་55དང་ཡོང་འབབ་སྒོར་ཁྲི་47ཟིན་ནས་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་6500ལྷག་ཙམ་བྱུང་བ་དང་། ཁེ་སྤོགས་མཐོ་ཤོས་སྒོར་40000ལྷག་ཙམ་བྱུང་ཡོད་པ་རེད།
ཡུལ་མི་ཟླ་བ་ཚེ་རིང་མཉམ་ལས་ཁང་ལ་ཞུགས་ནས་ལོ་3སོང་བ་དང་། དེང་གི་ཆར་ཟླ་བ་ཚེ་རིང་ཁྱིམ་གྱིས་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་བཏབ་པ་བརྒྱུད། ལོ་རེར་ཡོང་འབབ་སྒོར་15000མང་དུ་ཕྱིན་ཡོད་ཅིང་། ཁོང་གིས“མཉམ་ལས་ཁང་གི་འཕེལ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་འདུག་པས། ང་རང་སེམས་གཏིང་ནས་དགའ་ཚོར་སྐྱེས་བྱུང་། མི་ཚང་མས་ལས་ལ་བརྩོན་པ་དང་དོ་དམ་ཡག་པོ་ཐུབ་ན། ཡོང་འབབ་དེ་བས་མང་བ་ཡོང་ངེས་རེད”ཅེས་གཞོགས་སུ་སྐྱེས་པའི་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་དེ་ལྟར་བརྗོད་པ་རེད།