དབུ་ཤོག>ཞིང་འབྲོག་གསར་པ།
  • མཐའ་མཚམས་ཀྱི་ལམ་ཡིག་དེ་ནས་ཀྱང་གཉེར་ཆོག་གི་འདུག དོ་སྣང་གནང་རོགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-04-16

    1.jpg

    བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་བོད་ལྗོངས་ས་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་4ཚེས་15ཉིན་གྱི་སྔ་དྲོར། བོད་ལྗོངས་ས་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཉིང་ལག་རུ་ཁག་གི་ལག་ཁྱེར་སྒྲུབ་གཉེར་ཁང་གི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་ནས་དངོས་སུ་མང་ཚོགས་ལ་མཐའ་མཚམས་ཀྱི་ལམ་ཡིག་གཉེར་འགོ་ཚུགས་འདུག 

    སླད་ཕྱིན། གྲོང་མི་དང་ཡུལ་སྐོར་བས་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་དང་བོད་ལྗོངས་ས་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཉིང་ལག་རུ་ཁག་གི་ལག་ཁྱེར་སྒྲུབ་གཉེར་ཁང་གཉིས་ཀ་ནས་མཐའ་མཚམས་ཀྱི་ལམ་ཡིག་གཉེར་ཆོག་གི་འདུག  

    2.jpg

    གྲོང་མི་སྐལ་བཟང་ཚེ་རིང་གིས་གསར་འགོད་པར། མཐའ་མཚམས་ས་ཁུལ་དུ་སྐྱེལ་འདྲེན་བྱེད་པར་ཡང་ཡང་འགྲོ་དགོས་པས་རྟག་ཏུ་མཐའ་མཚམས་ཀྱི་ལམ་ཡིག་གཉེར་དགོས་ཀྱི་འདུག ད་ཆ་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་ནས་མཐའ་མཚམས་ལམ་ཡིག་གཉེར་ཆོག་པས་སྟབས་ཧ་ཅང་བདེ་པོ་ཡོང་བ་འདུག་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།