དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་རྩེ་རྫོང་གིས་རྩལ་ནུས་གསོ་སྦྱོང་གི་དགོས་མཁོར་མཐིལ་རྟོགས་བརྟག་དཔྱད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-04-15

    ཉེ་ཆར། ལྷ་རྩེ་རྫོང་མི་སྤྱི་ཅུས་ཀྱིས་ཁྱིམ་དུ་འཚམས་འདྲིར་སྐྱོད་པའི་རྣམ་པ་བརྒྱུད། ཁོངས་གཏོགས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ངལ་རྩོལ་པའི་གསོ་སྦྱོང་གི་དགོས་མཁོར་སྔར་ལས་ལྷག་པའི་སྒོ་ནས་གནད་སྨིན་མཐིལ་རྟོགས་བརྟག་དཔྱད་བྱས་ཏེ། 2020ལོའི་རྩལ་ནུས་གསོ་སྦྱོང་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།

    ད་ཐེངས་ཀྱི་བརྟག་དཔྱད་མཐིལ་རྟོགས་བྱ་ཡུལ་ནི་ལོ་16ཡན་དང་ལོ་60མན་གྱི་མི་འབོར་དབུལ་པོ་ཡིན་པ་དང་། གཙོ་བོ་གསོ་སྦྱོང་ལ་ཞུགས་མེད་པ་དང་ལས་ཞུགས་བྱས་མེད་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ངལ་རྩོལ་པ་ཡིན་ཞིང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ངལ་རྩོལ་པའི་གསོ་སྦྱོང་གི་དགོས་མཁོ་དང་། སྦྱོང་འདོད་པའི་ལས་རིགས། གསོ་སྦྱོང་རྗེས་ཀྱི་ལས་ཞུགས་འདོད་འདུན་བཅས་གཙོ་གནད་དུ་བཟུང་ནས་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་མཐིལ་རྟོགས་བྱས་པ་བརྒྱུད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ངལ་རྩོལ་ལོ་ཚད་ལོན་པའི་མི་སྣ་དབུལ་པོའི་ལས་ཞུགས་དང་ལས་ཤོར་གྱི་གནས་ཚུལ་དང་། རྩལ་ནུས་ཆུ་ཚད། ལས་འཚོལ་འདོད་འདུན། ལས་གཏོད་བློ་མོས་དང་གསོ་སྦྱོང་གི་དགོས་མཁོ་བཅས་སྔར་ལས་ལྷག་པའི་སྒོ་ནས་ཤེས་རྟོགས་བྱས་ཏེ་གོམ་སྟབས་རྗེས་མའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ངལ་རྩོལ་པའི་རྩལ་ནུས་དབུལ་སྒྲོལ་གསོ་སྦྱོང་གི་ལས་དོན་སྤེལ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།