ཉེ་ཆར་ཆབ་མདོ་གྲོང་ཁྱེར་ནགས་ལས་ཚད་ཡོད་འགན་འཁྲི་ཀུང་སིས་བྲག་གཡབ་རྫོང་མཁར་སྒང་ཤང་མཁར་སྒང་གྲོང་ཚོར་ལྗོན་ཤིང་སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་2019ལོ་ནས་2021ལོ་བར་གྱི་ལོ་འཁོར་གཉིས་ཀྱི་ས་ཞིང་ནང་བཤུག་དངུལ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྲག་གཡབ་རྫོང་མཁར་སྒང་ཤང་མཁར་སྒང་གྲོང་ཚོའི་ལྗོན་ཤིང་སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་8000བཏང་ཞིང་། ཆབ་མདོ་གྲོང་ཁྱེར་ནགས་ལས་ཚད་ཡོད་འགན་འཁྲི་ཀུང་སིས་རྣམ་གྲངས་འཛུགས་སྐྲུན་དང་དུས་མཇུག་གི་འཁོར་སྐྱོད་ཚོང་གཉེར་དོ་དམ་གྱི་འགན་ཁུར་བ་དང་། དེ་ནི་མཁར་སྒང་ཤང་གི་ཀ་རྟེན་རང་བཞིན་གྱི་དབུལ་སྐྱོར་ཐོན་ལས་ཤིག་ཡིན་པ་རེད། ད་ཐེངས་ས་ཞིང་ནང་བཤུག་གི་དངུལ་སྒོར་ཁྲི་217.68སྤྲད་པ་དེ་ས་ཞིང་མུའུ་1088.424ནང་བཤུག་བཏང་བ་དང་། ཞིང་དུད་107(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་37ཚུད་པ)དང་འབྲེལ་བ་ཡོད་པ་དང་། དུད་ཚང་རེར་ཆ་སྙོམས་ལོ་རེར་འབབ་འཕར་སྒོར་ཁྲི་1ལྷག་ཙམ་བྱུང་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་ལ་སྣེ་ཁྲིད་དང་དབུལ་པོ་ཉུང་གཏོང་གི་ཕན་འབྲས་མངོན་གསལ་དོད་པོ་ཡོང་རྒྱུ་རེད།