དབུ་ཤོག>ཞིང་འབྲོག་གསར་པ།
  • ཉིང་ཁྲིར་ཞིང་འཕྲུལ་སྣུམ་སྣོན་གཱ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-10

     ཞིང་འཕྲུལ་གྱི་སྣུམ་འགན་ལེན་དང་ཞིང་འཕྲུལ་དོ་དམ་དང་སྣུམ་མཁོ་འདོན་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཞིང་འཕྲུལ་སྣུམ་སྣོན་གཱ་སྤྱོད་པའི་ཚོད་ལྟའི་ལས་དོན་སྤེལ་བ་རེད།

    ཞིང་འཕྲུལ་གྲངས་འབོར་མང་དུ་ཕྱིན་པ་དང་ཆབས་ཅིག་ཞིང་འཕྲུལ་གྱི་སྣུམ་དཀོན་པ་དང་སྣུམ་སྣོན་གྱི་གོ་རིམ་རྙོག་དྲ་ཆེ་བའི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། དེར་བརྟེན། ཉིང་ཁྲི་གྲོང་ཁྱེར་གྱིས་ཚོད་ལྟའི་བྱེད་ཐབས་སྤྱད་ནས། ཞིང་འཕྲུལ་སྣུམ་སྣོན་གཱ་ཡི་དོ་དམ་མ་ལག་གི་རྣམ་གྲངས་མ་དངུལ་ཚོད་རྩིས་དང་། ཆ་འཕྲིན་བསྡུ་རུབ། སྣུམ་གྱི་གཱ་བཟོ་བ་སོགས་གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་རྗེས། བྲག་ཡིབ་ཆུས་སུ་ཞིང་འཕྲུལ་སྣུམ་སྣོན་གཱ་ཡི་ཚོད་ལྟའི་ལས་དོན་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།