དབུ་ཤོག>ཞིང་འབྲོག་གསར་པ།
  • པ་སྣམ་རྫོང་གིས་དུད་ཚང་དབུལ་པོ་སྔོ་ཚལ་ཐོན་ལས་ཀྱི་འཁོར་འབྲེལ་ནང་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-08

    ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་གིས་མང་ཚོགས་དབུལ་པོ་ཐོན་ལས་འཁོར་འབྲེལ་ནང་འཇུག་པ་དང་མང་ཚོགས་རྣམས་ཐོན་ལས་འཁོར་འབྲེལ་ནང་ཞུགས་ནས་ཕྱུག་པོ་ཆགས་པ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ལྗང་མདོག་སྔོ་ཚལ་ཐོན་ལས་དང་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་མང་ཚོགས་དབུལ་པོའི་དབར་གྱི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་རྒྱུན་ཆད་མེད་པར་བཙུགས་ཏེ་མང་ཚོགས་དབུལ་པོ་རྣམས་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ནང་མཉམ་འདྲེས་ཐུབ་པར་བྱས་པས་འབབ་འཕར་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཕྱུག་འགྱུར་བརྟན་པོ། དབུལ་སྒྲོལ་ཐུབ་ནས་སླར་ཡང་དབུལ་པོ་རང་ལོག་མི་ཡོང་བ་བཅས་མངོན་འགྱུར་བྱུང་ཡོད།

    པ་སྣམ་རྫོང་གིས“དབུལ་སྐྱོར་ཐོན་ལས་གླིང་དང་། མཉམ་ལས་ཁང་། ཞིང་དུད(དུད་ཚང་དབུལ་པོ)”བཅས་ཟུང་འབྲེལ་གྱི་གཉེར་སྐྱོང་བྱེད་ཐབས་བབ་བསྟུན་ངང་སྤྱད་དེ་བྱ་དགའ་ཁ་གསབ་དང་རོགས་སྐྱོར་སོགས་ཀྱི་བྱེད་སྟངས་བརྒྱུད། མང་ཚོགས་དབུལ་པོའི་ཐོན་སྐྱེད་རྒྱུ་ཆ་དང་དུས་འགོའི་གཏོང་ཆའི་གནད་དོན་ཐག་གཅོད་བྱས་པ་དང་། ཁེ་ལས་དང་སྲིད་གཞུང་དབར་གྱི་མཉམ་ལས་བརྒྱུད་ལག་རྩལ་ཞབས་ཞུ་དང་ཐོན་རྫས་བྲིན་ཚོང་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ། དུད་ཚང་དབུལ་པོ་རྣམས་འདེབས་འཛུགས་གསོ་ཚགས་དུད་ཚང་ཆེ་མོ་དང་། མཉམ་ལས་ཁང་གི་ཁོངས་མི། ཐོན་ལས་བཟོ་པ་བཅས་ལ་འགྱུར་བ་བྱས་པས་རྒྱུན་མཐུད་འབབ་འཕར་བྱུང་ནས་ཕྱུག་པོ་ཆགས་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་ཞིང་དུད་7000ལྷག་ཙམ་ནང་དུད་ཚང་3000(དུད་ཚང་དབུལ་པོ་214ཡི་མི་1029ཚུད་པ)སྔོ་ཚལ་ཐོན་ལས་འཕེལ་རྒྱས་ནང་ཞུགས་པར་དུད་ཚང་རེར་ལོ་ལྟར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད། རྫོང་ཡོངས་ཀྱིས་གནད་སྨིན་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་ཁེ་ཕན་སྦྲེལ་མཐུད་དོ་དམ་བྱ་ཐབས་བཟོས་ནས་གཉེར་སྐྱོང་བྱེད་པོ་དང་དབུལ་སྐྱོར་གྲོས་མཐུན་བཞག་ནས་ངལ་རྩོལ་ནུས་ཤུགས་དབུལ་པོར་ལས་ཞུགས་ལས་གནས་194གསར་སྤེལ་བྱས་པས་མི་རེར་ལོ་ལྟར་ཆ་སྙོམས་འབབ་འཕར་སྒོར་ཁྲི་5ལྷག་ཙམ་བྱུང་བ། ཁེ་སྤོགས་བགོ་བཤའི་མ་དངུལ་སྒོར་ཁྲི་1007སྤྲད་པས་མང་ཚོགས་དབུལ་པོ་མི་ཐེངས་7814ལ་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།