ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོ་ལྷ་ས་སྐྱིད་ཆུའི་ཆུ་སྨད་རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་ཆཌ་ཡོད། དེ་སྔ་ཡུལ་དེ་ནི་གོང་དཀར་དང་ཆུ་ཤུར་ནས་ལྷ་སར་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ཡུལ་ཞིག་ཡིན་ལ། ཡུལ་སྐོར་མཛེས་ལྗོངས་ཁུལ“མཉེས་ཐང་ལྷ་ཆེན་པོ”ཡང་གྲོང་ཚོ་དེར་ཡོད།
མདུན་གཙང་པོ་དང་རྒྱབ་རི་ལ་བཅོལ་བའི་བདེ་སྐྱིད་གྲོང་ཚོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཞིང་འབྲོག་ལས་འཕེལ་རྒྱས་ཡག་པོ་བྱུང་ཡོད། བདེ་སྐྱིད་གྲོང་ཚོར་སླེབས་སྐབས་འགྲོ་ལམ་གྱི་འཆར་འགོད་གོ་རིམ་ལྡན་པ་དང་། བོད་བཟོའི་ཁང་པ་གྲལ་སྟར་འགྲིག་ཅིང་། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་དང་། བྱེད་སྒོ་སྤེལ་ས། ཞིང་པའི་དཔེ་དེབ་ཁང་། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང་སོགས་གང་དགོས་ཅི་ཡོད་ཀྱི་གནའ་ཉམས་ལྡན་པའི་གྲོང་ཚོ་དེ་དེང་རབས་དང་མཉམ་འདྲེས་ཐུབ་སྟེ། སྔ་ས་ནས་མི་རྣམས་ཀྱི་སེམས་སུ་མཛེས་ཤིང་སྐྱིད་སྣང་དོད་པའི་གྲོང་གསེབ་ཞིག་ཏུ་གྱུར་ཡོད།
“ཀྲུང་དབྱང་གིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་རིང་། ཐོན་ཁུངས་ཀྱི་ལེགས་ཆ་སྣ་ཚོགས་གྲོང་གསེབ་ལ་ཁ་ཕྱོགས་དགོས་པ་བསྟན་ཡོད། སྔར་སོང་གི་ལོ་ཟླའི་ནང་ངེད་ཚོའི་གྲོང་ཚོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་འོག་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གྲོང་གསེབ་དར་རྒྱས་ཐད་མཁོ་བའི་ཤེས་ལྡན་མི་སྣ་དང་། ལག་རྩལ། ས་ཆ། མ་དངུལ། དེ་བཞིན་གཞི་རིམ་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད” དེ་སྔ་ཆ་འཕྲིན་དེ་ཙམ་སྟབས་བདེ་པོ་མེད་པ་དང་། གྲོང་ཚོའི་ཐོན་ཁུངས་གཅིག་སྡུད་མེད་པ། གྲོང་མིའི་ཕྱུག་འགྱུར་འདུ་ཤེས་ཞན་པ་བཅས་ཀྱི་དབང་གིས་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་མང་པོ་མེད་ཅེས་བདེ་སྐྱིད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་བྱུང་།
ཉེ་བའི་ལོའི་ནང་། ས་ཞིང་ནང་བཤུག་སོཌ་ཀྱི་དགེ་མཚན་ལྡན་པའི་སྲིད་ཇུས་འོག་བདེ་སྐྱིད་གྲོང་ཚོས་རྒྱུན་ཆད་མེད་པར་གྲོང་གསེབ་ཀྱི་ས་ཞིང་ལམ་ལུཌ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གྲོང་མིའི་བདག་དབང་གོ་རིམ་ལྡན་པའི་ངང་ནང་བཤུག་ཉོ་ཚོང་ལ་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་གྲོང་ཚོའི་ཐོན་ལས་དང་བྱེད་པོ་མཉམ་འདྲེས་བྱས་ནས་གྲོང་གསེབ་ཀྱི་བེད་མེད་དུ་བཞག་པའི་ཁང་ས་དང་ཞིང་པའི་ཁང་པའི་ཐོན་ཁུངས་བེད་སྤྱོད་ལ་སྐུལ་མའང་བཏང་ཡོད། དེའི་ཁྲོད། གྲོང་མི་འགའ་ཞིག་གིས་བེད་མེད་དུ་བཞག་པའི་ས་ཆ་ཚལ་ཞིང་བར་བོཌ་མར་བཏང་བ་བརྒྱུད་ས་ཞིང་མུའུ་རེ་ནས་ཆ་སྙོམས་ལོར་བོཌ་དངུལ་སྒོར་3200ཙམ་བྱུང་ཡོད། གཞན་ཡང་། མཉེས་ཐང་ཤང་བཟོ་ལས་གླིང་གིས་བདེ་སྐྱིད་གྲོང་ཚོའི་གྲོང་མི་200ལྷག་ཙམ་བསྡུས་པས་མི་རེར་ཉིན་ལྟར་ཆ་སྙོམས་སྒོར་120ཡོད། དེས་གྲོང་མིའི་ཡོང་འབབ་མང་དུ་སོང་བ་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་སྟོབས་ཆེར་སོང་ཡོད།
ལོ་དེ་དག་རིང་། བདེ་སྐྱིད་གྲོང་ཚོས་ས་ཞིང་དང་། ངལ་ནུས། མ་དངུལ་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་མཉམ་འདྲེས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ། ཆེད་ལས་ཞིང་པ་དཔེ་གསར་དང་ཞིང་ལས་ཚོང་གཉེར་བྱེད་པོ་དཔེ་གསར་གྱི་སྣེ་ཁྲིད་པ་ཁག་གཅིག་གིས་གྲོང་མིའི་སྣེ་ཁྲིད་དེ་ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པར་སྐུལ་མ་བཏང་ཡོད། བདེ་སྐྱིད་གྲོང་ཚོའི་ཞིང་འབྲོག་ཁུལ་གྱི་དམངས་ཕན་འདེབས་གསོ་ཕྱོགས་བསྡུས་ཆེད་ལས་མཉམ་ལས་ཁང་གཉེར་སྐྱོང་བྱེད་མཁན་ཟླ་བ་ནི་བདེ་སྐྱིད་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པའི་གྲས་ཤིག་རེད།
“ལོ་བརྒྱད་གོང་ངས་དངུལ་ཁང་ནས་དུས་བཀག་ལོ་གསུམ་གྱི་སྐྱེད་མེད་དངུལ་བུན་སྒོར་ཁྲི་20གཡར་ཏེ་ཁྱད་ལྡན་གསོ་ཚགས་ལས་རིགས་དང་འདེབས་འཛུགས་ལས་རིགས་ཀྱི་ལས་འགོ་བརྩམས་པ་མ་ཟད། གྲོང་མི་ཁ་ཤས་དང་མཉམ་དུ་ཞིང་འབྲོག་ཁུལ་གྱི་དམངས་ཕན་འདེབས་གསོ་ཕྱོགས་བསྡུས་ཆེད་ལས་མཉམ་ལས་ཁང་བཙུགས་པ་ཡིན། ད་ལྟ་ང་ཚོས་སྔོ་ཚལ་འདེབས་པ་དང་། སྡོང་ཕྲུག་འདེབས་གསོ། ཕག་པ་གསོ་ཚགས་སོགས་ཀྱི་རྣམ་གྲངས་གཙོ་གཉེར་བྱེད་ཀྱི་ཡོད། མིག་སྔར། མཉམ་ལས་ཁང་གི་རྒྱུ་ནོར་སྒོར་ཁྲི་བརྒྱ་ཕྲག་ཟིན་ཡོད་ལ། མཉམ་ལས་ཁང་གིས་བདེ་སྐྱིད་གྲོང་ཚོའི་གྲོང་མི་མང་པོའི་ལས་ཞུགས་ཀྱང་ཐག་གཅོད་བྱས་ཏེ་ཁོ་ཚོར་ཟླ་རེར་གླ་ཆ་སྒོར་3000ཙམ་་ཡོད”ཅེས་ཟླ་བས་བཤད།
བདེ་སྐྱིད་གྲོང་ཚོར་ཞིང་འབྲོག་ཁུལ་གྱི་དམངས་ཕན་འདེབས་གསོ་ཕྱོཌ་བསྡུས་ཆེད་ལས་མཉམ་ལས་ཁང་ཡོད་པ་ཕུད། ད་དུང་ཞིང་འབྲོག་པའི་རླངས་འཁོར་སྐྱེལ་འདྲེན་ཆེད་ལས་མཉམ་ལས་ཁང་དང་། ཤིང་ཆ་ལས་སྣོན་བཟོ་གྲྭ ཁྱིམ་ཆས་བཟོ་སྐྲུན་མཉམ་ལས་ཁང་སོགས་ཀྱང་ཡོད། “སླད་ཕྱིན་ང་ཚོས་གྲོང་མིའི་བསམ་བློ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་ཡོན་གྱིས་མི་སེར་ཕྱུག་པོ་ཆགས་པར་སྣེ་ཁྲིད་བྱེད་ཀྱི་ཡིན་ལ། ཚང་མའི་སྣེ་ཁྲིད་ནས་དེ་བས་མཐུན་སྒྲིལ་དང་འཚོ་བར་དེ་བས་དགའ་ཞེན་བྱེད་པར་སྣེ་ཁྲིད་ཀྱང་བྱེད་ཀྱི་ཡིན”ཞེས་མ་འོངས་ཀྱི་འཕེལ་རྒྱས་སྐོར་གླེང་སྐབས་བློ་བཟང་ཕུན་ཚོགས་ཀྱིས་གདེང་ཚོད་ཆེན་པོས་དེ་ལྟར་བཤད།