ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཞོགས་པའི་ཉི་གཞོན་ཡར་ཀླུང་གཙང་པོའི་ངོགས་སུ་ཤར་སྐབས། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་བབས་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་ཕྱོགས་ཡོངས་ནས་ལས་འགོ་སྐྱར་འཛུགས་བྱེད་འགོ་ཚུགས་པ་རེད།
ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་བབས་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་ནི་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་ཞིང་། ལྷ་ས་གོང་དཀར་གནམ་ཐང་1966ལོར་དངོས་སུ་མཁའ་ལམ་ཤར་གཏོང་ཐུབ་ཚུན། རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་ལམ་ཐིག་74ཤར་གཏོང་བྱས་ཡོད། ད་ཐེངས་ཀྱི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་ལེགས་གྲུབ་ཟིན་རྗེས་2025ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་900དང་། སྦྲག་དངོས་དབོར་འདྲེན་བྱེད་ཚད་ཏུན་ཁྲི་8ཟིན་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་རེད།
དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱི་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་ལས་གྲྭ་པུའི་ཅིང་ལི་གཞོན་པ་ལིས་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཆར་འགོད་གཞིར་བཟུང་གནམ་ཐང་གི་བབས་ཚུགས་ཁུལ་གསར་པ་དེ་2020ལོར་ཡོངས་སུ་སྐྲུན་མཇུག་བསྒྲིལ་ནས་2021ལོའི་ལོ་འགོར་བེད་སྤྱོད་བྱ་རྒྱུ་རེད།