དཔྱིད་དུས་འབྲོག་ལས་ཐོན་སྐྱེད་བདེ་བླག་ངང་སྤེལ་བའི་འགན་ལེན་བྱ་ཆེད། ས་དགའ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ། ནོར་ལུག་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་ལས་དོན་སྤེལ་ནས། ཕྱུགས་ཕྲུག་གསོན་ཚད་མང་དུ་བཏང་བ་དང་ན་ལོན་ཕྱུགས་རིགས་འཆི་ཚད་ཉུང་དུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནོར་ལུག་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་ལས་དོན་སྤེལ་བ་ནས་བཟུང་། ས་དགའ་རྫོང་གི་ཞིང་འབྲོག་ཕྱུགས་རིགས་སྨན་པ། གྲོང་ཚོ་ཁག་དང་ཕྱུགས་འཚོ་སར་བསྐྱོད་ནས། འབྲོག་པར་ནོར་ལུག་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་ཕྱུགས་རིགས་ལ་སྔོན་ཁབ་བརྒྱབ་པ་རེད། ཤང་དང་གྲོང་རྡལ་ཁག་ལ་རྒྱུན་སྤྱོད་ཀྱི་ཕྱུགས་སྨན་སྤྲད་པ་མ་ཟད། མོ་ཕྱུགས་ཀྱི་བེའུ་བཙའ་ཚད་མང་དུ་བཏང་བ་དང་། ཕྱུགས་ཕྲུག་འཆི་ཚད་ཉུང་དུ་བཏང་བ། ཕྱུགས་རིགས་ལ་ནད་ཕོག་ཚད་དང་འཆི་ཚད་ཉུང་དུ་བཏང་ཞིང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ལ་སྨན་སྒམ་97སྤྲད་པའི་ནང་། རྒྱུན་སྤྱོད་སྨན་སྒམ་63དང་འབུ་སེལ་སྨན་སྒམ་34ཡོད་པ་རེད།
མིག་སྔར། ས་དགའ་རྫོང་དུ་ཕྱུགས་ཕྲུག་མགོ་གྲངས་30022སྐྱེས་པའི་ནང་མགོ་གྲངས་27922གསོན་ཡོད་པས། ཕྱུགས་ཕྲུག་གསོན་ཚད་93%ཟིན་ཡོད།