དབུ་ཤོག>ཞིང་འབྲོག་གསར་པ།
  • འདི་ལོ་ལྷ་སས་དཔྱིད་འདེབས་མུའུ་ཁྲི་57བྱེད་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-16

    ཚེས་13ཉིན་གྱི་སྔ་དྲོར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་57.27བྱེད་རྩིས་ཡོད་པས། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་40ཟིན་ངེས་རེད།

    ལྷ་ས་གྲོང་ཁྱེར་གྱིས་རྫས་ལུད་དབོར་འདྲེན་དང་། ཞིང་སྨན་མངགས་ཉོ། སོན་བརྗེ་རྒྱག་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་འདི་ལོའི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཡོད།

    མིག་སྔའི་བར་རྒྱུན་སྤྱོད་ཞིང་སྨན་ཏུན་19.2དང་། འཆར་ལྡན་དམིགས་ཚད་རྫས་ལུད་ཏུན་1765.2 སྤུས་ལྡན་ཁྱིམ་ལུད་ཏུན་ཁྲི་110ཙམ་དམིགས་སར་འབྱོར་ཡོད། གཞན་ཡང་རིམ་རྩིས་བྱས་ན་ཞིང་འཕྲུལ་16040ཉམས་བཟོ་དང་བདག་སྐྱོང་བྱས་ཏེ་དཔྱིད་འདེབས་རིང་ཞིང་འཕྲུལ་བདེ་བླག་ངང་སྤྱོད་ཚད་96%ཡན་ཟིན་པའི་འགན་ལེན་ཡང་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།