དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-03-12

    བྲག་ཕྱི་གྲོང་ཚོར་འཆམ་འཆམ་དུ་བསྐྱོད་ཚེ་མིག་ལམ་དུ་འཆར་བ་ནི་བོད་བཟོའི་ཐོག་ཁང་སྔོ་ལྗང་ལྗོན་ཤིང་ཁྲོད་གནས་པ་དང་གཙང་སྦྲ་དོད་ལ་གྲལ་སྟར་འགྲིག་པའི་གྲོང་ཚོའི་ལམ་དུད་ཚང་ཚང་མར་ཤར་གཏོང་ཐུབ་པ་དེ་མཛེས་སྡུག་ལྡན་པའི་རི་མོ་ལྟར་སྣང་།

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཕྱི་གྲོང་ཚོ་གྲོང་ཁུལ་དང་འབྲེལ་ཡོད་པ་དང་གྲོང་ཚོ་ཡོངས་སུ་དུད་ཚང་100དང་མི་473ཡོད་ཅིང་། 2019ལོར་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་3.4ཟིན་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་རྒྱུ་ནོར་ལ་ཚོད་སྐོར་བྱས་ན་སྒོར་དུང་ཕྱུར་8ཟིན་ཡོད་པས་གང་སར་སྐད་གྲགས་ཆོད་པའི་འབྱོར་ཕྱུག་གི་གྲོང་ཚོ་ཞིག་རེད།

    ད་ཆའི་འབྱོར་འབྲིང་གྲོང་ཚོ་ནི་དེ་སྔ་དབུལ་ཞིང་རྗེས་ལུས་ཀྱི་གྲོང་ཚོ་ཞིག་ཡིན།

    ལོ་57ལ་སླེབས་པའི་གྲོང་ཚོ་ཨུ་ལྷན་གྱི་ཧྲུའུ་ཅི་མིག་དམར་གྱིས། 2011ལོའི་གོང་གྲོང་མི་ཚོས་རང་སོ་སོའི་ལས་ལ་བྲེལ་ནས་མི་ཁག་གཅིག་ཕྱུག་པོ་ཆགས་རུང་། གྲོང་མི་མང་ཆེ་བ་སྔར་བཞིན་དབུལ་པོ་རེད་ཅེས་ངོ་སྤྲོད་བྱས།

    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མཉམ་སྡེབ་དཔལ་འབྱོར་ནི་འདེགས་སྐྱོར་ཡིན། 2012ལོར་བྲག་ཕྱི་གྲོང་ཚོར་ས་ཆ་བསྡུས་པའི་ས་ཞིང་དང་རྩྭ་རའི་ཁ་གསབ་དངུལ་སྒོར་ཁྲི་3000རག མིག་དམར་གྱིས་གྲོང་མིའི་ཚོགས་འདུ་ཐེངས་མང་འཚོགས་ནས་ས་ཞིང་ཁ་གསབ་དངུལ་སྤྱད་དེ་འདམ་རྫབ་ཁུལ་མུའུ་150དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ས་ཆ་མུའུ་28ཉོས་ཏེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་གྲོས་འགོ་བཏོན།

    “གྲོང་ཚོའི་ལས་བྱེད་པ་ཚོས་མང་ཚོགས་དང་གྲོས་མོལ་ཐེངས་མང་བྱས་མཐར། གྲོང་མིས་མ་དངུལ་སྒོར་ཁྲི་2000བསྡུ་རུབ་བྱས་ཡོད”ཅེས་མིག་དམར་གྱིས་བཤད་པ་དང་། གྲོང་ཚོ་ཨུ་ལྷན་གྱིས་ཚོང་འགུགས་མ་འདྲེན་དང་མཉམ་དུ་གསར་སྤེལ་བྱེད་པའི་ཐབས་ཤེས་བརྒྱུད། གྲོང་ཚོ་ཡོངས་ཀྱི་ཐོན་ལས་དང་པོ་བྲག་ཕྱི་ཨར་སྐྲུན་རྒྱུ་ཆའི་ཁྲོམ་ར་བཙུགས་པ་རེད། གྲོས་མོལ་གཞིར་བཟུང་། གསར་སྤེལ་མཁན་གྱིས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་སྒོར་ཁྲི་450སྤྲོད་པ་དང་ལོ་ལྔ་རེར་སྒོར་ཁྲི་50རེ་སྤར་ནས་ལོ་25སོང་རྗེས་ཨར་སྐྲུན་རྒྱུ་ཆའི་ཁྲོམ་ར་བྲག་ཕྱི་གྲོང་ཚོས་རང་བརྟེན་གཉེར་སྐྱོང་བྱ་རྒྱུ་རེད།

    གྲོང་ཚོ་ཨུ་ལྷན་དང་བར་ཐག་སྤྱི་ལེ་འགའ་ཡོད་པའི་སར་ཉིང་ཁྲི་གྲོང་ཁྱེར་གྱི་སྐད་གྲགས་ཡོད་པའི་ཤུག་སྡོང་ཆེན་པོའི་མཛེས་ལྗོངས་ཁུལ་ཡོད་པ་དང་ནམ་མཁར་རེག་ཐུབ་པ་ལྟར་གྱི་ཤུག་སྡོང་ཆེན་པོ་ཆིག་སྟོང་ལྷག་ཙམ་ལ་ཡུལ་སྐོར་བ་མང་པོ་ལྟ་སྐོར་དུ་ཡོང་གི་ཡོད།

    འགྲུལ་རྒྱུན་མང་དུ་ཕྱིན་པས་ཚོང་ལས་ཀྱི་གོ་སྐབས་བྱུང་ཞིང་། 2018ལོར། མཛེས་ལྗོངས་ཁུལ་རིམ་སྤོར་བྱས་པ་དང་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་གཞུང་གསར་སྤེལ་བྱས་པས་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་6ནས་10བར་འཕར་ཡོད། དེ་དང་ཆབས་ཅིག མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་དང་ཁྲོམ་བཀྱག་གི་བོགས་དངུལ་ལས་ལོ་ལྟར་བྲག་ཕྱི་གྲོང་ཚོར་སྒོར་ཁྲི་200ཡི་མཉམ་སྡེབ་ཡོང་འབབ་བྱུང་ཡོད།

    2017ལོར་གྲོང་ཚོའི་མཐའ་འཁོར་དུ་གང་བྱུང་དུ་མཛོད་ཁང་མང་པོ་བསྐྲུན་ནས་གཅིག་གྱུར་གྱི་ཁྲོམ་ར་མེད། གྲོང་ཚོ་ཨུ་ལྷན་གྱིས་དེ་གར་ཟོག་འགྲེམས་གླིང་ཆེ་གྲས་ཤིག་འཛུགས་དགོས་པའི་གྲོས་འགོ་བཏོན།

    སྙན་སེང་ཆོག་མཆན་ཐོབ་པ་བརྒྱུད། སྒྲིག་འགལ་དང་ཟང་ཟིང་གི་སྐྲུན་དངོས་བཤིག་པ། ཚོང་འགུགས་མ་འདྲེན་བྱས་པ་སོགས་བརྒྱུད། བྲག་ཕྱིའི་ཟོག་འགྲེམས་གླིང་གི་དུས་ཐེངས་དང་པོའི་ལས་གྲྭ་2019ལོའི་ཟླ་7པར་བསྐྲུན་ནས་བེད་སྤྱོད་བྱས་པ་དང་གླིང་དེའི་ས་བཟུང་རྒྱ་ཁྱོན་མུའུ་229.87ཟིན་ནས་ཁྱོན་མཛོད་ཁང་ཆེ་གྲས་སྟར་པ་16ཡོད་ཅིང་། མིག་སྔར། ཚོང་དུད་85དང་གན་རྒྱ་བཞག་པར། ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་200གཏོད་རྒྱུ་རེད། མིག་དམར་གྱིས་དེ་བྲག་ཕྱི་གྲོང་ཚོ་ཕྱོགས་སྒྱུར་བྱེད་ཐེངས་གཉིས་པ་ཡིན་ཞིང་། “གལ་ཏེ་ཨར་སྐྲུན་རྒྱུ་ཆའི་ཁྲོམ་ར་དང་མཛེས་ལྗོངས་ཁུལ་གཉིས་ཀ་ནི་ཐོན་ཁུངས་ལ་བརྟེན་པའི་ཐོན་ལས་ཡིན་ཞེས་བརྗོད་ཚེ་ཟོག་འགྲེམས་གླིང་ནི་དེང་རབས་ཀྱི་ཐོན་ལས་ཕྱོགས་སུ་སྐྱོད་ཡོད་ཅེས་བརྗོད་ཆོག”ཅེས་བཤད།

    ད་ཆ་བྲག་ཕྱི་གྲོང་ཚོར་སླར་ཡང་འཆར་གཞི་གསར་པ་བཀོད་ཅིང་། མ་དངུལ་བསྡོམས་སྒོར་ཁྲི་5000བཏང་བ་དང་ས་ཁྱོན་མུའུ་700བཟུང་བའི་ཞིང་ལས་ལྟ་སྐོར་གླིང་བསྐྲུན་གྲབས་ཡོད་ཅིང་། གླིང་དེར་ཞིང་ནང་ལྟ་སྐོར་དང་། ཤིང་འབྲས་འཐུ་བ། ཞིང་པའི་སྤྲོ་སྐྱིད་ཁང་བཅས་གཞི་གཅིག་ཏུ་བསྡུས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་གཅིག་སྡུད་ཐོག་འཕེལ་རྒྱས་གཏོང་རྒྱུ་རེད།

    ལོ་73ལ་སླེབས་པའི་གྲོང་མི་རྟ་མགྲིན་ལ་གློ་ནད་ཕོག་ནས་ཡུན་རིང་དྲག་སྐྱེད་མ་བྱུང་བར་ངལ་རྩོལ་ནུས་ཤུགས་ཤོར་ཞིང་། བུ་ཡང་ཆུང་ཆུང་ཡིན་པས2016ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག 2017ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཁེ་བཟང་ཆེན་པོ་བྱུང་ནས་རྟ་མགྲིན་གྱི་ཁྱིམ་ལ་སྔ་རྗེས་སུ་ཁེ་སྤོགས་སྒོར་ཁྲི་13བྱུང་བའི་ཁར་ཁོང་ཁྱིམ་གྱི་ཁང་པར་རྙིང་པ་དེའང་སྲིད་གཞུང་གི་རོགས་རམ་འོག་གསར་སྐྲུན་བྱས།

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པའི་ཕན་པ་བསྐྲུན། བྲག་ཕྱི་གྲོང་ཚོའི་ལོ་70ཡན་གྱི་རྒན་རྒོན་ཚོར་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་ནས་རྒན་གསོའི་དངུལ་སྒོར་2500ལེན་རྒྱུ་ཡོད་ལ་སློབ་གྲྭ་ཆེ་མོ་བར་གྲངས་འབོར་དེ་མཚུངས་ཀྱི་སློབ་རོགས་དངུལ་ལེན་རྒྱུ་ཡོད།

    མིག་དམར་གྱིས“མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི་ཕ་ཚ་བུ་རྒྱུད་ལ་རྨང་གཞི་བཏིང་ནས། མི་རབས་ནས་མི་རབས་བར་དབུལ་པོ་ཡིན་པའི་གནས་བབ་སེལ་ཆེད་རེད། གྲོང་ཚོའི་ནང་གི་སློབ་གྲྭ་ཆེ་མོ་བ་སློབ་གྲྭ་མཐར་ཕྱིན་རྗེས་གལ་ཏེ་གྲོང་ཚོར་ལོག་ཚེ་ཐོན་ལས་ཀྱི་ཤུལ་འཛིན་པར་གྱུར་ནས་བྱས་རྗེས་ཆེན་པོ་འཇོག་ཐུབ”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།