གོང་དཀར་རྫོང་གི་ཞིང་འབྲོག་ཁྱད་ལྡན་གསོ་ཚགས་ལས་རིགས་སྣ་མང་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཁྲང་ཧྲ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ལག་རྩལ་བོད་སྐྱོར་གྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་གང་ལེགས་སྤྱད་དེ་སྦྲང་ནོར་བུ་གསོ་ཚགས་ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད། གོང་དཀར་རྫོང་གི་སྦྲང་ནོར་བུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བས། སྦྲང་ནོར་བུ་གསོ་ཚགས་ལས་རིགས་དེ་ཉིད་གོང་དཀར་རྫོང་གི་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་གསར་པར་གྱུར་ནས་སྦྲང་རྩི་འབྱུང་སའི་རི་སྐྱེས་རྩི་ཤིང་གི་ཁེབས་ཁྱོན་མུའུ་ཁྲི་1ལས་བརྒལ་ཡོད་པ་རེད།
མིག་སྔར། གོང་དཀར་རྫོང་གི་སྦྲང་ནོར་བུ་གསོ་ཚགས་དཔེ་སྟོན་རྟེན་གཞི་8བར་འཕེལ་རྒྱས་ཕྱིན་ཞིང་། སྦྲང་ནོར་བུའི་ཁྱུ་ཚོགས་700ཡན་ཟིན་ནས་ལོར་སྦྲང་རྩི་ཐོན་ཚད་ཏུན་15ཙམ་ཟིན་ཏེ་སྦྲང་ནོར་བུ་གསོས་པ་ཁོ་ན་ལས་ས་གནས་དེ་གའི་གྲོང་མིར་ལོའི་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་ཡོང་གི་ཡོད་པ་རེད།