དབུ་ཤོག>ཞིང་འབྲོག་གསར་པ།
  • ​དུད་ཚང་དབུལ་པོ་པ་སངས་སྒྲོལ་མའི་ལས་གཏོད་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-02

    ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ལྷ་གསོལ་ཤང་གཡས་གཡོན་གྲོང་ཚོའི་པ་སངས་སྒྲོལ་མའི་ཁྱིམ་ཚང་དཀའ་ངལ་གྱི་གནས་སུ་ལྷུངས་པའི་སྐབས་དེར། ཏང་དང་སྲིད་གཞུང་གི་དབུལ་སྐྱོར་སྲིད་ཇུས་བཟང་པོས་ཁོང་གི་ཁྱིམ་ལ་རེ་བ་བྱིན་ཡོད། 2013ལོར་པ་སངས་སྒྲོལ་མའི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་རྗེས། ལོ་ལྟར་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་དངུལ་སྒོར་7000དང་། ཧྭ་ནུས་རྒྱ་ཚ་ཡན་ལག་ཀུང་སིའི་ལས་རེས་ཁ་གསབ་སྒོར་4400ཡོད། དེ་དང་དུས་མཚུངས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་དང་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ལ་བརྟེན་ནས་པ་སངས་སྒྲོལ་མའི་ནད་བཅོས་སྨན་རིན་ཐག་གཅོད་ཐུབ་ཡོད། དབུལ་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱས་པ་དང་སྦྲགས་པ་སངས་སྒྲོལ་མའི་འཚོ་བར་རིམ་བཞིན་འགྱུར་ལྡོག་བྱུང་ཡོད།

    དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་རམ་འོག དེ་སྔོན་ཕྱུག་འགྱུར་གྱི་བསམ་བློ་འཁོར་མྱོང་མེད་པའི་པ་སངས་སྒྲོལ་མར་ལས་གཏོད་དབུལ་སྒྲོལ་ཕྱུག་འགྱུར་གྱི་བསམ་བློ་འཁོར།

    2018ལོར་པ་སངས་སྒྲོལ་མའི་ཁྱིམ་གྱི་ཆ་སྒྲིག་རོགས་སྐྱོར་ལས་བྱེད་པ་ལྷོ་ཁ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཧྥན་ཧོ་ཕིང་གིས་པ་སངས་སྒྲོལ་མའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས། མི་སྒེར་ནས་པ་སངས་སྒྲོལ་མར་སྒོར་4000གི་ལས་གཏོད་མ་དངུལ་རོགས་སྐྱོར་བྱས་པ་རེད། 2018ལོའི་ཟླ་12པར་པ་སངས་སྒྲོལ་མ་བཟའ་ཚོ་གཉིས་ཀྱིས་རྫོང་གྲོང་དུ་ཇ་ཁང་ཆུང་ཆུང་ཞིག་བཙུགས་པ་རེད། མིག་སྔར། ཇ་ཁང་གི་ཚོང་ཡག་པོ་བྱུང་ནས་ཟླ་རེར་ཁེ་གཙང་སྒོར་3000ལྷག་ཙམ་ཟིན་པས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ཕྲུ་གུའི་ལྟ་རྟོག་ལ་སྟངས་བདེ་བྱུང་ནས་འཚོ་བ་ཇེ་ཡག་ཏུ་ཕྱིན་ཡོད།

    ཁོ་གཉིས་ཀྱིས་ད་ལྟའི་འཚོ་བར་བློ་ཡིད་ཚིམས་ནས་མ་བསྡད་པར། 2019ལོའི་ཟླ་4པར་ཇ་ཁང་གི་ཟུར་དུ་ཐུག་འཐག་ཁང་ཞིག་བཙུཌ་པར་ཟླ་རེར་ཡོང་འབབ་ཁེ་གཙང་སྒོར་6000ལྷག་ཙམ་རག་པ་དང་པ་སངས་སྒྲོལ་མའི་ཁྱིམ་གྱི་ལོའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2014ལོའི་སྒོར་2500ནས་2019ལོའི་སྒོར་ཁྲི་3.3བར་མང་དུ་ཕྱིན་ཏེ་དབུལ་སྒྲོལ་ནས་ཕྱུག་འགྱུར་གྱི་ཕྱོགས་སུ་སྐྱོད་ཐུབ་ཅིང་། རྒྱ་ཚ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་ལས་གཏོད་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་དཔེ་མཚོན་ཞིག་ཏུ་གྱུར།

    2019ལོའི་ཟླ་བདུན་པར་པ་སངས་སྒྲོལ་མའི་ཁྱིམ་ཚང་གིས་རང་འགུལ་ངང་གྲོང་ཚོ་ཨུ་ལྷན་ལ་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་མིང་ཐོ་ནས་དོན་ཏེ་ལས་གནས་དེ་དགོས་མཁོ་དེ་བས་ཆེ་བའི་མང་ཚོགས་ལ་སྤྲད་རྒྱུའི་རེ་བ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།