དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་སྐྱིད་གཤོངས་ཆུ་ལམ་བཟོ་སྐྲུན་ཚད་ཡོད་ཀུང་སིས་ཁེ་བཟང་ནས་ཆ་ཤས་ཤིག་བཏོན་ཏེ་དབུལ་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-29

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་ནས་གནད་སྨིན་དབུལ་སྐྱོར་ལས་དོན་ཁྲོད་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ནུས་པ་གང་ལེགས་འདོན་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དབུལ་སྐྱོར་གཞུང་ལས་ཁང་གིས་བོད་ལྗོངས་སྐྱིད་གཤོངས་ཆུ་ལམ་བཟོ་སྐྲུན་ཚད་ཡོད་ཀུང་སི་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཁེ་ལས་ཀྱིས་རོགས་སྐྱོར་བྱེད་པའི་གྲོས་མཐུན་བཞག་པ་རེད།

    མཛད་སྒོའི་ཐོག་ཕྱོགས་གཉིས་པོས་གྲོས་བསྡུར་གང་ལེགས་བྱས་པ་མ་ཟད། གྲོས་མཐུན་བྱུང་སྟེ་2019ལོ་ནས་བཟུང་། བོད་ལྗོངས་སྐྱིད་གཤོངས་ཆུ་ལམ་བཟོ་སྐྲུན་ཚད་ཡོད་ཀུང་སིས་ལོ་འཁོར་གྱི་དཔྱ་ཁྲལ་བསྐྱལ་རྗེས་བགོ་བཤའ་རྒྱག་ཆོག་པའི་ཁེ་བཟང་གི་5%རོགས་སྐྱོར་མ་དངུལ་ལ་བརྩི་རྒྱུ་དང་ཁྲེང་ཀོན་ཆུས་དབུལ་སྐྱོར་གཞུང་ལས་ཁང་གིས་རོགས་སྐྱོར་མ་དངུལ་བགོ་བཤའ་ཡག་པོ་རྒྱག་རྒྱུ་ཡིན་པ་རེད།

    ཁྲེང་ཀོན་ཆུས་དབུལ་སྐྱོར་གཞུང་ལས་ཁང་གི་འགན་འཁུར་བས་རོགས་སྐྱོར་མ་དངུལ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་དང་དབུལ་སྐྱོར་ཐོན་ལས་སྟོབས་ཆེར་གཏོང་བའི་ཐད་སྤྱོད་པ་དང་། ཡོང་འབབ་དམའ་བའི་ཚོགས་སྤྱི་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་དགའི་དངུལ་སྤྲོད་རྒྱུར་གཏན་འཁེལ་བྱུང་ཡོད་ཅེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།