དབུ་ཤོག>ཞིང་འབྲོག་གསར་པ།
  • ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་བསམ་ཕྱོཌ་བསྒྱུར་བ་དང་ལས་ཞུགས་ལས་སྟེགས་ཡག་པོ་བཏོད་པར་ཁྲིད་སྟོན་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-13

    ངལ་རྩོལ་ནུས་ཤུགས་ལ་ལས་ཀ་ཡོད་པ་དང་འབབ་འཕར་ཡོང་བ་བྱེད་ཆེད། འདི་ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་དང་། ཞིང་འབྲོག་པའི་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་བཏང་ནས་ཞིང་འབྲོག་པའི་ངལ་ལས་རང་བཞིན་གྱི་ཡོང་འབབ་20%ཡན་འཕར་བའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ཡོད།

    སློབ་གསོ་ཁྲིད་སྟོན་ལ་དམ་འཛིན་ལྷོད་མེད་བྱས་ནས“དགའ་ཞེན་དང་། སྣང་ཆེན། འཛུཌ་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས་མང་ཚོགས་ཀྱི་ལས་བརྩོན་ཕྱུག་འགྱུར་དང་། ངལ་རྩོལ་ནི་གཟི་བརྗིད་ཡིན་པའི་འདུ་ཤེས་དང་ལུགས་མཐུན་འཛད་སྤྱོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཞིང་འབྲོག་པར་བསམ་བློ་དང་ནུས་ཤུགས་ཕྱུག་འགྱུར་འབབ་འཕར་ཐད་འཇོག་རྒྱུར་ཁྲིད་སྟོན་བྱས་ཡོད།

    གནད་སྨིན་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་རྩལ་ནུས་གསོ་སྦྱོང་ཐད་མངགས་ཐོ་ཅན་དང་། གནད་སྨིན་ཅན། ཁྲོམ་ར་ཅན་བཅས་ལག་ལེན་བསྟར་ནས་ཞིང་འབྲོག་མང་ཚོགས་ཀྱི་གསོ་སྦྱོང་འདོད་འདུན་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་ཆབས་ཅིག ཁྲོམ་རའི་དགོས་མཁོ་བསྐངས་ཏེ་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ཁྲོད་ནས་ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་ལེགས་སུ་འགྲོ་བ་དང་། མི་ཤུགས་རྣམ་པའི་ལས་ཞུགས་ནས་ཤེས་ལྡན་པ་རྣམ་པའི་ལས་ཞུགས་སུ་འགྱུར་ལྡོག་ཡོང་བ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།