དབུ་ཤོག>ཞིང་འབྲོག་གསར་པ།
  • “ཞབས་ཞུ་རྣམ་པའི”གྲོང་སྡོད་དཔུང་ཁག་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-03

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་ལས་བྱེད་པའི་གྲོང་སྡོད་ལས་དོན་སྤེལ་རིང་། “ཞབས་ཞུ་རྣམ་པའི”གྲོང་སྡོད(གྲོང་ལྷན)དཔུང་ཁག་ཅིག་བཙུགས་པ་རེད།

    མང་ཚོགས་ཀྱི་དགོས་མཁོ་དང་རྩ་འཛུགས་ཀྱི་ཞབས་ཞུ་ཟུང་འབྲེལ་ནུས་ལྡན་བྱེད་པའི་ལམ་སྲོལ་བཙུགས་པ་དང་། འགོ་ཁྲིད་ལས་བྱེད་པ་གནས་བཅར་བརྟག་ཞིབ་དང་། དུས་བཀག་ལྟར་ངོ་བཅར་དང་ལེན་བྱེད་པ། གཞི་རིམ་འབྲེལ་གཏུག་ས་ཚིགས་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་རེད། ཤང(གྲོང་རྡལ)15ཡི“ཡིག་བསྐུར་ངོ་བཅར་སྣེ་ལེན་ཁང”དང་གྲོང་ཚོ(གྲོང་ལྷན)167གྱི“ཡིག་བསྐུར་ངོ་བཅར་སྣེ་ལེན་ས་ཚིགས”ཏེ། རིམ་གཉིས་ཀྱི་ལས་ཀའི་ལས་སྟེགས་སྤྱད་ནས་ཞབས་ཞུའི་ལས་དོན་ཡག་པོ་སྤེལ་བ་རེད། གྲོང་ཚོ(གྲོང་ལྷན)167ལ་གཞི་རིམ་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ་མངགས་གཏོང་བྱས་ཏེ། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའུ་ཡི་ལས་དོན་ཁག་ལ་གཞོགས་འདེགས་བྱེད་རོགས་བྱས་པ་རེད།

    ཁ་རུབ་ཆུས་ཀྱི་སྲིད་དོན་ལྟེ་གནས་དང་། ཤང(གྲོང་རྡལ)15ཡི་དམངས་ཕན་ཞབས་ཞུའི་ལྟེ་གནས། གྲོང་ཚོ(གྲོང་ལྷན)167གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་བཅས་ལ་བརྟེན་ནས། ཏང་དོན་དང་སྲིད་དོན་གྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་འོག་ནས་གོང་བར་གྱི་ཞབས་ཞུའི་མ་ལག་གྲུབ་པ་དང་། “མང་ཚོགས་བསྐྱོད་དགོས་པ”དེ“ལས་བྱེད་པ་བསྐྱོད་དགོས་པར”གྱུར་པ་རེད།

    གྲོང་ཚོ(གྲོང་ལྷན)167དུ་ཏང་ཡོན་གྱི་འོས་འགན་ཞབས་ཞུ་རུ་ཁག་བཙུགས་ཏེ། མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་རོགས་བྱས་པ་དང་དུས་མཚུངས། གནད་དོན་གཅིག་ལ་གྲོས་བསྡུར་རེ་བྱེད་པའི་ལམ་ལུགས་གང་ལེགས་སྤྱད་ནས། ལས་གཏོད་འཕེལ་རྒྱས་དང་སྤྱི་པའི་ཞབས་ཞུ། དམངས་འཚོ་འགན་ལེན། ཆ་འཕྲིན་བློ་འདྲི། འགལ་ཟླ་རྩོད་གཞི་བཅས་གྲོང་ཚོ་ནས་ཐག་གཅོད་ཐུབ་པ་ལྔ་མངོན་འགྱུར་བྱུང་ནས། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།