དབུ་ཤོག>ཞིང་འབྲོག་གསར་པ།
  • སྤོ་བོ་རྫོང་གི་རྨང་བརྟན་དམངས་ཕན་ལས་དོན་ལ་ཕན་འབྲས་གསར་པ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-03

    འདི་ལོ་ཚུན་དུ། སྤོ་བོ་རྫོང་གིས་དུས་རབས་གསར་པའི་གྲོང་སྡོད་ལས་དོན་གྱི་གཙོ་གནད་ལས་འགན་ཁག་བདུན་ལ་དམ་པོར་དམིགས་ནས་གྲོང་སྡོད་ལས་དོན་གཏིང་ཟབ་སྤེལ་བ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། སྤོ་བོ་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཐེངས་550དང་། ཆེད་དོན་འཆད་ཁྲིད་ཐེངས་134བྱས་པ་མ་ཟད། དབུལ་སྐྱོར་སྲིད་ཇུས་ཐེངས་540སྒྲོག་འགྲེལ་བྱས་ཤིང་། ལོ་འཁོར་གྱི་དབུལ་སྒྲོལ་འཆར་གཞི་85བཟོ་རོགས་དང་། དབུལ་སྒྲོལ་རྣམ་གྲངས་གཅིག་བརྩོན་ལེན་བྱས་པ། མི་གྲངས་388ལ་ལས་ཞུགས་གཞན་སྒྱུར་བྱེད་རོགས་བྱས་པ། དངུལ་སྨར་ཡོང་འབབ་སྒོར་47007འཕར་བ་བཅས་བྱས་པ་རེད། དམངས་ཀྱི་ཆེད་དུ་བྱ་བ་དངོས་དང་བྱ་བ་བཟང་པོ་107བསྒྲུབས་པ་དང་དཀའ་ངལ་386བསལ་བ། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་178ལ་འཚམས་འདྲི་བྱས་པ། སྒོར་34975རི་བའི་འཚམས་འདྲིའི་དངོས་པོ་སྤྲད་པ་རེད། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁག་435གསེད་བཀྲོལ་བྱེད་རོགས་བྱས་པ་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་བྱེད་སྒོ་ཐེངས་900ལྷག་ཙམ་སྒྲིག་འཛུགས་བྱས་ཤིང་། རིགས་ཁག་གི་འགལ་ཟླ་དང་རྩོད་གཞི་47བསལ་བ་དང་། “གཤམ་སྤེལ་གསུམ”གྱི་བྱེད་སྒོ་ཐེངས་134སྤེལ་བར་མང་ཚོགས་མི་ཐེངས་14327ལ་ཁྱབ་པ་རེད། “གསང་སྤྱོད་གསར་བརྗེ”དང་། “གཉིས་གཅོག་གཅིག་སྤོར” ཐུམ་འབུའི་ནད་དང་འདུས་འདྲིལ་གཅོང་ནད་སོགས་ས་གནས་ཀྱི་ནད་གཞི་འགོག་བཅོས་ལས་དོན་ཐེངས་300ལྷག་ཙམ་དྲིལ་བསྒྲགས་བྱས་པར་མང་ཚོགས་ཁྲི་1.7ལྷག་ཙམ་ལ་ཁྱབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།