དབུ་ཤོག>ཞིང་འབྲོག་གསར་པ།
  • སྔོ་ཚལ་ཐོན་ལས་ཡག་པོ་གཉེར་ནས“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-01

    651586_yis_1565588959485_s.jpg

    འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་ནུས་ཆེའི་སྔོ་ཚལ་དྲོད་ཁང་ནང་ལས་མིས་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་པ།

    651585_yis_1565588959145_s.jpg

    འདི་ནི་མལ་གྲོ་གུང་དཀར་རྫོང་ཀ་ཚལ་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཚོས་ས་གཙང་སྔོ་ཚལ་ཐད་ཚོང་རླངས་འཁོར་ནས་སྔོ་ཚལ་སོས་པ་ཉོ་བཞིན་པ།

      གླེང་གཞི།

    མིག་སྔར། ལོ་གཅིག་དུས་གཅིག་གི་སྔོ་ཚལ་དྲོད་ཁང་ལ་ལོ་ལེགས་དང་ཚལ་སྣ་ཁ་མང་ཤོས་ཀྱི་དུས་ཚིགས་སུ་སླེབས་ཡོད། ཁྲོམ་རའི་ཐོག་གི་ས་ཆ་འདི་རང་ནས་ཐོན་པའི་སྣ་ཁ་མང་བའི་སྔོ་ཚལ་དང་། ཀྭ་རིགས། ཤིང་ཏོག་གིས་འཛད་སྤྱོད་པའི་དགོས་མཁོ་བསྐངས་པ་དང་། རྒྱ་ཆེའི་ཚལ་འདེབས་ཞིང་པ་ཚོས་ཟླ་ཁ་ཤས་དཀའ་ལས་བརྒྱབ་པར་གྲུབ་འབྲས་ཐོབ་ཡོད། ཉིན་ཤས་བསྟུད་མར། འདི་ག་ཚགས་པར་གྱི་གསར་འགོད་པས་སྔོ་ཚལ་དྲོད་ཁང་དང་འདེབས་འཛུགས་རྟེན་གཞིར་བསྐྱོད་ནས་ས་གནས་དེ་གའི་སྔོ་ཚལ་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་ཀློག་པ་པོའི་མིག་ལམ་དུ་བསྟན་ཡོད།

    མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆུ་བྱང་གྲོང་ཚོའི་ཐོན་ལས་གླིང་གིས་སྔོ་ཚལ་འདེབས་འཛུགས་ཚོད་ལྟ་བྱས་ནས། ནང་སའི་ཆེད་ལས་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་པ་གླིང་ཁུལ་དུ་ལས་ཀ་བྱེད་པ་དང་ལག་རྩལ་སློབ་པར་གདན་དྲངས་ནས་ཀྲོ་མ་ཀྲུ་དང་། པད་ཚལ། ལ་ཕུག ཞི་ཧུའུ་ལུའུ། ཧོང་ཀྭ་སོགས་སྔོ་ཚལ་བཏབ་པས་ས་གནས་དེ་གའི་གྲོང་མིའི“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    བོད་ཀྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཆེ་ཤོས་ཡིན་པའི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས“ཇོ་མོ་གླང་མའི་མུའུ་ཁྲི་ཟིན་པའི་པ་སྣམ་གྱི་སྐྱེ་ལྡན་སྔོ་ཚལ་ཐོན་སྐྱེད་རྟེན་གཞི”ཤུགས་ཆེན་ངང་བཏོད་པས། སྔོན་དཔག་བྱས་ན་2020ལོར་སླེབས་སྐབས་སྔོ་ཚལ་ཐོན་ཚད་སྤྱི་རྒྱ་དུང་ཕྱུར་2.5ལྷག་ཙམ་ཟིནཏེ་ས་མཐོའི་མང་ཚོགས་ཀྱི་སྔོ་ཚལ་ལ་དེ་བས་འགན་ལེན་ཐུབ་རྒྱུ་ཡིན་པ་རེད།

    སྔོ་ཚལ་འདེབས་འཛུགས་གླིང་དང་རྟེན་གཞི་དེ་དག་ནི་རང་ལྗོངས་ཀྱི་སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་མང་ཚོགས་ཚོའི་གསོལ་ལྕོག་ཐོག་གི་སྔོ་ཚལ་སྣ་ཁ་མང་དུ་ཕྱིན་པ་དང“ཤ་ཚལ་སྒོང་གསུམ”ཡང་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    སྔོ་ཚལ་འདེབས་འཛུགས་ཀྱི་གཞི་ཁྱོན་རིམ་ བཞིན་རྒྱ་ཆེར་ཕྱིན་པ།

    ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་ཞིང་ཁའི་ནང་གི་ཉི་འོད་དྲོད་ཁང་དག་དེ་བས་བཀྲག་མདངས་ལྷག་པར་འཚེར་བ་ཞིག་ཡོད་ཅིང་། ཚལ་འདེབས་ཞིང་པ་ཁག་གཅིག་གཞུ་དབྱིབས་ལྕགས་སྒྲོམ་འཛུགས་པ་དང་ཆུ་ཡུར་བཟོ་བར་བྲེལ་བཞིན་ཡོད་པ་དང་། ཁག་གཅིག་ནི་དྲོད་ཁང་ནང་ས་ཁོད་སྙོམས་པ་དང་འགྱིག་ཤོག་གཡོགས་ནས་སྔོ་ཚལ་གྱི་མྱུ་གུ་རྩ་སྤོས་རྒྱག་བཞིན་ཡོད། སྔོ་ཚལ་དྲོད་ཁང་ནང་ལྟ་སྐབས། སྒོག་མྱུག་སྔོ་ཐིང་ངེར་སྐྱེས་པ་དང་། པད་ཚལ་དང་། ཆེ་ཙི། སུར་པན་བཅས་སོས་ལ། གང་བུ་དང་ཀྲོ་མ་ཀྲུ་སོགས་ཐུར་དུ་དཔྱངས་བས་ལས་དྲོད་ཁང་ཆེ་མོའི་ནང་གི་སྔོ་ཚལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    ཡབ་མདའ་ཤང་གི་དེང་རབས་སྒྲིག་བཀོད་ཞིང་ལས་དཔེ་སྟོན་གླིང་གི་སྔོ་ཚལ་ཐོན་འབབ་དེ་སྔའི་ཉིན་རེར་ཆ་སྙོམས་སྤྱི་རྒྱ་4000ཟིན་པ་ནས་མིག་སྔའི་སྤྱི་རྒྱ་7000བར་མང་དུ་ཕྱིན་ཡོད། དཔེ་སྟོན་གླིང་གི་འགན་ཁུར་བ་བུ་ཆུང་གིས། ལྷ་ས་རང་ནས་ཐོན་པའི་སྔོ་ཚལ་གྱི་སྣ་ཁ་ཇེ་མང་དུ་འགྲོ་རྒྱུ་ཡིན་པས་གྲོང་མིའི་ཤ་ཚལ་སྒོང་གསུམ་དེ་བས་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་རེད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ལྷ་སའི་ཉེ་འདབས་ཀྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཇེ་མང་དུ་ཕྱིན་པ་ལས་གྲོང་མིའི་ཤ་ཚལ་སྒོང་གསུམ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ད་དུང་གྲོང་མིའི་འཚོ་བའང་སྣ་མང་སུམ་སུམ་ཚོགས་སུ་འགྲོ་བཞིན་ཡོད།

    མང་ཚོགས་ཀྱི་སྣེ་མང་དགོས་མཁོ་བསྐངས་པ།

    སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་རར་སྐྱོད་སྐབས་སུར་པན་དང་། ཆེ་ཙི། པད་ཚལ། པད་ཆུང་། ཀྲོ་མ་ཀྲུ་སོགས་སྔོ་ཚལ་སོས་པ་འབོར་ཆེན་ཁྲོམ་རར་བཏོན་འདུག་པ་གསར་འགོད་པས་མཐོང་བྱུང་།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། དབྱར་སྟོན་གཉིས་སུ་བོད་ཀྱི་ཞིང་ཞོར་ཐོན་རྫས་ཁྲོམ་རར་བཏོན་པའི་སྔོ་ཚལ་80%ས་ཆ་དེ་རང་ནས་ཐོན་པ་དང་། དཔྱིད་དགུན་གཉིས་སུ་ས་ཆ་དེ་རང་ནས་ཐོན་པའི་སྔོ་ཚལ་60%ཡས་མས་ཟིན་གྱི་ཡོད།

    སྔོ་ཚལ་སིལ་ཚོང་རྒྱག་མཁན་ཁྲེན་ལགས་ཀྱིས་རང་ལྗོངས་ཀྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཟམ་མི་ཆད་པར་མང་དུ་སོང་བ་དང་སྦྲགས་ས་ཆ་འདི་རང་གི་སྔོ་ཚལ་འབེལ་དུ་སོང་བ་དང་། ངས་འཚོང་བའི་སྔོ་ཚལ་སྣ་ཁ་40ཡི་ཁྲོད་ས་ཆ་འདི་རང་ནས་ཐོན་པའི་སྔོ་ཚལ་གྱིས་80%བཟུང་གི་ཡོད། ས་ཆ་འདི་རང་ནས་ཐོན་པའི་སྔོ་ཚལ་གྱི་གྲངས་འབོར་དང་སྣ་ཁ་མང་དུ་སོང་བས་ང་ཚོས་ནང་ས་ནས་སྔོ་ཚལ་འབོར་ཆེན་དབོར་དགོས་མི་འདུག ཚལ་ཁྲོམ་དུ་ཚང་མས་སྤྱིར་ན་ས་ཆ་འདི་རང་ནས་ཐོན་པའི་སྔོ་ཚལ་འཚོང་གི་ཡོད་པ་དང་། དེ་རིང་འཐེན་པའི་སྔོ་ཚལ་དེ་རིང་འཚོང་གི་ཡོད་པས་གྲོང་མིས་ཉིན་ལྟར་གོང་ཁེ་བའི་སྔོ་ཚལ་སོས་པ་ཉོ་ཆོག་ཅེས་གསར་འགོད་པར་བརྗོད་བྱུང་།

    གསར་འགོད་པ་གྲོང་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་འགའ་ཞིག་ཏུ་བཅར་འདྲིར་སྐྱོད་སྐབས་ཤ་རིགས་དང་སྔོ་ཚལ་ཁྲོམ་བཀྱག་ཐོག་རྩིབས་མ་དང་། ཤ་མ་ཚིལ། ཚགས་ཤ་སོགས་ཤ་རིགས་སྣ་མང་བསྒྲིགས་པ་མཐོང་བྱུང་།

    “ངའི་བུས་ད་ཆ་སྲིད་གཞུང་གིས་ང་ཚོ་མི་སེར་ལ་ཤ་རིགས་དང་སྔོ་ཚལ་འཁོར་རྒྱུག་དང་ཁུངས་འདེད་ཀྱི་མ་ལག་བཟོས་ཡོད་པས་སོ་སོས་ཉོས་པའི་ཤ་དང་སྔོ་ཚལ་གྱི་སྤ་སེ་ཁྱེར་ཏེ་རྫོང་དང་གྲོང་ཚོ་གང་ནས་ཐོན་པ་དང་། ཞིབ་དཔྱད་བྱས་ཡོད་མེད། ཐ་ན་ཞིང་སྨན་ལུས་ཡོད་མེད་བཅས་ཤེས་ཐུབ་ཅེས་ཟེར་གྱི་འདུག དེར་བརྟེན་ངས་འདི་ནས་ཤ་ཉོས་ན་བློ་བདེ་པོ་འདུག”ཅེས་གྲོང་མི་བདེ་སྐྱིད་ཀྱིས་གསར་འགོད་པར་བརྗོད་བྱུང་།

    སྔོ་ཚལ་ཐད་ཚོང་རླངས་འཁོར་ལས་དམངས་ལ་ཕན་པ་དེ་བས་མང་བ་ཐོབ།

    “ད་ཆ། ང་ཚོ་ལྷ་སའི་སྔོ་ཚལ་མཁོ་སྤྲོད་བྱེད་ཚད་དེ་ནང་ས་དང་ཁྱད་པར་ཆེན་པོ་མེད། ག་རེ་ཟ་འདོད་ཀྱང་ཚལ་ཁྲོམ་དང་སྒོ་རྩིས་ཚོང་ཁང་ནས་ཉོ་ཆོག གལ་ཏེ་ཐག་རིང་པོར་འགྲོ་མ་འདོད་ན་ཁྱིམ་གྱི་སྒོ་འགྲམ་གྱི་དམངས་ཕན་ཐད་ཚོང་རླངས་འཁོར་ནས་གོང་ཁེ་བའི་སྔོ་ཚལ་སོས་པ་ཉོ་ཐུབ”ཅེས་གྲོང་མི་བསོད་ནམས་དབང་སྒྲོན་གྱིས་དགོད་འཚེར་འཚེར་ངང་བཤད།

    2014ལོར་ལྷ་ས་གྲོང་ཁྱེར་གྱིས་དམངས་ཕན་གྱི་གོང་ཁེའི་སྔོ་ཚལ་ཐད་ཚོང་རླངས་འཁོར་རྣམ་གྲངས་ལག་ལེན་བསྟར་རྗེས། དམངས་ཕན་གོང་ཁེའི་སྔོ་ཚལ་ཐད་ཚོང་རླངས་འཁོར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པ་དང་ཁང་གླ་ཁེ་བའི་སྡོད་ཁང་ཁུལ་ཆུང་སོགས་དཀའ་ངལ་ཡོད་པའི་མང་ཚོགས་གཅིག་སྡུད་ཁུལ་དུ་བསྐྱོད་ཀྱི་ཡོད་ཅིང་། ཐོན་ཡུལ་ནས་སྡེ་ཁུལ་བར་ཐད་ཀར་མཁོ་འདོན་བྱེད་ཀྱི་ཡོད་པས་བར་དུ་ཚབ་ཚོང་བྱེད་མཁན་ཉུང་དུ་ཕྱིན་ནས་མ་གནས་དམའ་རུ་ཆེས་ཆེར་ཕྱིན་ཏེ་ཁེ་བཟང་མང་ཆེ་བ་མང་ཚོགས་ལ་རག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།